55595

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་ཤེས་པའི་རྒྱུ་བཞི་ (1)
Part of speech མིང་ཚིག
Definition མདོ། མངོན་པ། སངས་རྒྱས་ཀྱི་ཆོས་ཟབ་ཅིང་ཕྲ་བས་མི་ཤེས་པ། ཡུལ་ཤིན་ཏུ་བསྐལ་བས་མི་ཤེས་པ། དུས་ཤིན་ཏུ་བསྐལ་བས་མི་ཤེས་པ། རྣམ་པའི་དབྱེ་བ་མཐའ་ཡས་པས་མི་ཤེས་པ་སྟེ་བཞིའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་ལུང་བསྟན་པའི་སྔོན་རོལ་དུ་དགྲ་བཅོམ་པ་ཤཱ་རིའི་བུས་དེ་བཞིན་གཤེགས་པའི་ཐུགས་རྒྱུད་ཀྱི་ཟག་མེད་ཀྱི་ཕུང་པོ་ལྔ་མི་ཤེས་པ་ལྟ་བུའོ། །གཉིས་པ་ནི། དགྲ་བཅོམ་པ་མོའུ་འགལ་གྱི་བུས་རང་གི་མ་འོད་ཟེར་ཅན་གྱི་འཇིག་རྟེན་གྱི་ཁམས་ཀྱི་དམྱལ་བར་སྐྱེས་པ་མི་ཤེས་པ་ལྟ་བུའོ། །གསུམ་པ་ནི། དགྲ་བཅོམ་པ་ཤཱ་རིའི་བུས་ཁྱིམ་བདག་དཔལ་སྐྱེས་ཀྱི་རྒྱུད་ལ་ཐར་པའི་ས་བོན་ཡོད་བར་མི་ཤེས་པ་ལྟ་བུ། བཞི་པ་ནི། ཁམས་དང་འགྲོ་བ་དང་སྐྱེ་གནས་དང་སྐྱེ་བ་སོགས་མཐའ་ཡས་པས་མི་ཤེས་པ་ལྟ་བུའོ། །
Domain ཆོས་ལུགས།