55615
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། སྦྱོར་ལམ་བཟོད་པ་ཐོབ་པ་ནས་འགྲོ་བ་གསུམ་དང༌། སྐྱེ་གནས་གཉིས་དང༌། སྐྱེ་བ་གསུམ་དང༌། ལུས་གསུམ་དང༌། སྲིད་པ་དང༌། མཐོང་སྤང་ཉོན་མོངས་པ་སྟེ་དེ་དྲུག་ལ་བརྟགས་མིན་ཐོབ་པས་ན་མི་སྐྱེ་བའི་ཆོས་ཅན་དྲུག་ཐོབ་པ་ཞེས་བྱའོ། །འགྲོ་བ་གསུམ་ནི་ངན་སོང་གསུམ་དང༌། སྐྱེ་གནས་གཉིས་ནི་སྒོང་ང་དང་དྲོད་གཤེར་གྱི་སྐྱེ་གནས་སོ། །སྐྱེ་བ་གསུམ་ནི་འདུ་ཤེས་མེད་པའི་སེམས་ཅན་དུ་སྐྱེ་བ་དང་སྒྲ་མི་སྙན་དུ་དང༌ཚངས་ཆེན་གྱི་སྐྱེ་བའོ། །ལུས་གསུམ་ནི་ཟ་མ་མ་ནིང༌མཚན་གཉིས་པའོ། །སྲིད་པ་ནི་སྲིད་པར་སྐྱེ་བ་བརྒྱད་ཕན་ཆད་དོ། །ཉོན་མོངས་པ་ནི་མཐོང་སྤང་གི་ཉོན་མོངས་སོ། །བཤད་མ་ཐག་པ་དེ་རྣམས་ལ་བརྟགས་མིན་ཐོབ་པས་ན་མི་སྐྱེ་བའི་ཆོས་ཅན་དྲུག་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། དེས་ན་བཟོད་པ་ཐོབ་པའི་གང་ཟག་དེས་ངན་འགྲོ་བ་གསུམ་དང༌། སྒོང་སྐྱེས་དང་དྲོད་གཤེར་གྱི་སྐྱེ་གནས་གཉིས་དང༌། འདུ་ཤེས་མེད་པའི་སེམས་ཅན་དང༌སྒྲ་མི་སྙན་དང༌ཚངས་ཆེན་གྱི་སྐྱེ་བ་གསུམ་དང༌། ཟ་མ་མ་ནིང༌མཚན་གཉིས་པ་སྟེ་ལུས་གསུམ་དང༌། བརྒྱད་པ་ཕན་ཆད་ལ་སོགས་པའི་སྲིད་པ་དང༌། མཐོང་སྤང་གི་ཉོན་མོངས་ཏེ་འགྲོ་བ་དང༌། སྐྱེ་གནས་དང༌། སྐྱེ་བ་དང༌། ལུས་དང༌། སྲིད་པ་དང༌། ཉོན་མོངས་པ་བཤད་མ་ཐག་པ་དེ་རྣམས་ལ་བརྟགས་མིན་ཐོབ་པས་ན་མི་སྐྱེ་བའི་ཆོས་ཅན་དྲུག་ཐོབ་པ་ཞེས་བྱའོ། །འདིར་བརྒྱད་པ་ཕན་ཆད་ལ་སོགས་པའི་སྲིད་པ་ཞེས་པའི་དོན་ནི་བཟོད་པ་ཐོབ་ནས་སྲིད་པར་ལན་བདུན་ལྷག་མི་སྐྱེ་བའི་དོན་ནོ། །ཞེས་གསུངས། |
| Domain | ཆོས་ལུགས། |