55616
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མཛོད་གནས་དྲུག་པ་ལས་བྱུང་བ་སྦྱོར་ལམ་བཟོད་པ་ཐོབ་ནས་མི་སྐྱེ་བའི་ཆོས་དྲུག་ཐོབ་པ་སྟེ། འགྲོ་བ་ནི། ངན་སོང་གསུམ་དུ་མི་སྐྱེ་བ་ལ་ཟེར། སྐྱེ་གནས་ནི། སྒོང་སྐྱེས་དང་དྲོད་གཤེར་སྐྱེས། སྐྱེ་བ་ནི། འདུ་ཤེས་མེད་པའི་ལྷ། ལོག་པར་ལྟ་བ་ཅན་ཚངས་པ། བྱང་སྒྲ་མི་སྙན་པ་གསུམ། ལུས་ནི། ཟ་མ། མ་ནིང་། མཚན་གཉིས་དང་གསུམ། སྲིད་པ་ནི། རིགས་མཐུན་བརྒྱད་ཕན་ཆད། ཉོན་མོངས་ནི། གྲུབ་མཐས་རྒྱུད་བསླད་པའི་མཐོང་སྤངས་སམ་ཀུན་བཏགས་ཏེ་ཆོས་དྲུག་གོ ། |
| Domain | ཆོས་ལུགས། |