55617

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་སྐྱེ་བའི་ཆོས་ལ་བཟོད་པ་གསུམ་ (1)
Part of speech མིང་ཚིག
Definition ཤེར་ཕྱིན་ཁྲི་པ་ལེའུ་ཉེར་བརྒྱད་པ་མཚན་ཉིད་མི་འདྲ་བའི་ལེའུ་ལས་བྱུང་བ་སྟེ། ༡ རྒྱུན་དུ་ཞུགས་པའི་ཤེས་པ་དང་། སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའོ། ། ༢ ལན་གཅིག་ཕྱིར་འོང་བའི་གང་ཡིན་པ་དང་། ཕྱིར་མི་འོང་བའི་གང་ཡིན་པ་དང་། དགྲ་བཅོམ་པའི་ཤེས་པ་དང་། སྤོང་བ་གང་ཡིན་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའོ། ། ༣ རང་སངས་རྒྱས་ཀྱི་ཤེས་པ་དང་། སྤོང་བ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོོའི་བཟོད་པ་སྟེ། ཉན་ཐོས་ཀྱི་བཟོད་པ་དང་། རང་སངས་རྒྱས་ཀྱི་བཟོད་པ་དང་། བྱང་ཆུབ་སེམས་དཔའི་བཟོད་པའི་ཁྱད་པར་ནི་དེ་ཡིན་ནོ། །
Domain ཆོས་ལུགས།