From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མི་སྐྱེ་བའི་ཆོས་ལ་བཟོད་པ་མྱུར་དུ་ཐོབ་པའི་ཆོས་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་བྱུང་བ་སྟེ། ལུས་ལ་གཟུགས་བརྙན་དང་འདྲ་བར་མོས་པ། ངག་ལ་བྲག་ཆ་དང་འདྲ་བར་མོས་པ། སེམས་ལ་སྒྱུ་མ་དང་འདྲ་བར་མོས་པ། ཆོས་ཐམས་ཅད་ལ་མི་ཟད་པའི་ཆོས་ཉིད་དུ་མོས་པའོ། །
|
| Domain
|
ཆོས་ལུགས།
|
མི་སྐྱེ་བའི་ཆོས་ལ་བཟོད་པ་མྱུར་དུ་ཐོབ་པའི་ཆོས་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་ཡང་བྱེད་ལ་སེམས་ཅན་དུ་འདུ་ཤེས་པའང་མེད་པ། ཆོས་ཐམས་ཅད་ལ་སྟོང་པ་དང་། མི་རྟག་པར་ཡང་མོས་པར་བྱེད་ལ་གཞིར་ཡང་མི་བྱེད་པ། སངས་རྒྱས་ཐམས་ཅད་ཀྱང་མཐོང་ལ་ཤའི་མིག་ལའང་མངོན་པར་ཞེན་པ་མེད་པ། སེམས་རབ་ཏུ་རྣམ་པར་འབྱེད་པ་ལའང་མཁས་ལ་སེམས་ཀྱང་སེམས་ལ་གཏོད་པར་མི་བྱེད་པའོ། །
|
མི་སྐྱེ་བའི་ཆོས་ལ་བཟོད་པ་མྱུར་དུ་ཐོབ་པའི་ཆོས་བཞི་ (3)
| Part of speech
|
མིང་ཚིག
|
| Definition
|
ལྟ་བ་སྤང་བའི་ཕྱིར་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ། ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བའི་ཕྱིར་ཚུལ་ཁྲིམས་ཡོངས་སུ་དག་པ། ཆོས་ཀྱིས་ལྷག་པའི་ཕྱིར་བཟོད་པའི་སྟོབས་དང་ལྡན་པ། དབེན་པའི་ཆོས་ཀྱིས་རྣམ་པར་གྲོལ་བའི་ཕྱིར་བརྩོན་འགྲུས་བརྩམས་པའོ། །
|
མི་སྐྱེ་བའི་ཆོས་ལ་བཟོད་པ་མྱུར་དུ་ཐོབ་པའི་ཆོས་བཞི་ (4)
| Part of speech
|
མིང་ཚིག
|
| Definition
|
བསམ་གཏན་ཡང་ཐོབ་ལ་བསམ་གཏན་ལའང་མི་རྟེན་པ། ཤེས་རབ་ཀྱིས་ཀྱང་རྣམ་པར་བརྟགས་ལ་སྤྲོས་པའང་མེད་པ། ཐབས་ལ་མཁས་པའང་རབ་ཏུ་འཛིན་ལ་སེམས་ཅན་ཡང་སྡུད་པ། སྤྱོད་པ་ཐམས་ཅད་ལའང་གེགས་མེད་ལ་སྤྱོད་པའང་ཁོང་དུ་ཆུད་པར་བྱེད་པའོ། །
|
མི་སྐྱེ་བའི་ཆོས་ལ་བཟོད་པ་མྱུར་དུ་ཐོབ་པའི་ཆོས་བཞི་ (5)
| Part of speech
|
མིང་ཚིག
|
| Definition
|
བྱམས་པ་ཆེན་པོས་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ། སྙིང་རྗེ་ཆེན་པོས་འཁོར་བ་ལས་ཡོངས་སུ་མི་སྐྱོ་བ། དགའ་བ་ཆེན་པོས་ཆོས་ལ་དགའ་ཞིང་མཆོག་ཏུ་དགའ་བ། བཏང་སྙོམས་ཆེན་པོས་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤོང་བའོ། །
|
མི་སྐྱེ་བའི་ཆོས་ལ་བཟོད་པ་མྱུར་དུ་ཐོབ་པའི་ཆོས་བཞི་ (6)
| Part of speech
|
མིང་ཚིག
|
| Definition
|
རྣམ་པར་ཐར་པའི་སྒོ་གསུམ་མངོན་དུ་བྱེད་པ། དུས་གསུམ་ཡོངས་སུ་ཤེས་པ། ཁམས་གསུམ་ལས་ཡང་དག་པར་འདའ་བ། ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ་ལ་ཡིད་ཆེས་པའོ། །
|