55621

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་འགྱུར་བའི་ཆོས་བཞི་ (1)
Part of speech མིང་ཚིག
Definition འཕགས་པ་མིའམ་ཅིའི་རྒྱལ་པོ་སྡོང་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ། སངས་རྒྱས་མཉམ་པ་ཉིད། ཆོས་མཉམ་པ་ཉིད། དགེ་འདུན་མཉམ་པ་ཉིད། ཞིང་མཉམ་པ་ཉིད་དོ། །
Domain ཆོས་ལུགས།
མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་འགྱུར་བའི་ཆོས་བཞི་ (2)
Part of speech མིང་ཚིག
Definition བསམ་གཏན་བཞིས་སྟོང་པ་ཉིད་ལ་རྣམ་པར་རྩེ་བ། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཐབས་མཁས་པ་ལ་རྣམ་པར་རྩེ་བ། མངོན་པར་ཤེས་པ་ལྔས་ཡེ་ཤེས་ལ་རྣམ་པར་རྩེ་བ། ཐོགས་པ་མེད་པའི་ཡེ་ཤེས་ཀྱིས་རྫུ་འཕྲུལ་ལ་རྣམ་པར་རྩེ་བའོ། །
མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་འགྱུར་བའི་ཆོས་བཞི་ (3)
Part of speech མིང་ཚིག
Definition ཕུང་པོ་རྣམས་ལ་བྱང་ཆུབ་ཚོལ་ཡང་ཕུང་པོ་རྣམས་ལ་བྱང་ཆུབ་ཀྱི་རང་བཞིན་དུ་མོས་པ་མ་ཡིན་པ། ཁམས་རྣམས་ལ་བྱང་ཆུབ་ཚོལ་ཡང་ཁམས་རྣམས་བྱང་ཆུབ་ཀྱི་རང་བཞིན་དུ་མོས་པ་མ་ཡིན་པ། སྐྱེ་མཆེད་རྣམས་ལ་བྱང་ཆུབ་ཚོལ་ཡང་སྐྱེ་མཆེད་རྣམས་ལ་བྱང་ཆུབ་ཀྱི་རང་བཞིན་དུ་མི་རྟོག་པ། ཆོས་ཐམས་ཅད་ལ་བྱང་ཆུབ་ཚོལ་ཡང་ཆོས་ཐམས་ཅད་ལ་བྱང་ཆུབ་ཀྱི་རང་བཞིན་དུ་མོས་པ་མ་ཡིན་པའོ། །
མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་འགྱུར་བའི་ཆོས་བཞི་ (4)
Part of speech མིང་ཚིག
Definition མི་གཡོ་བའི་ཚུལ་གྱིས་ཆོས་ཐམས་ཅད་ཡང་དག་པའི་མཐའ་ལ་རབ་ཏུ་གནས་པར་ཤེས་པ། དུས་གསུམ་མཉམ་པ་ཉིད་པས་ཆོས་ཐམས་ཅད་དེ་བཞིན་ཉིད་ལ་གནས་པར་འཇུག་པ། ཆོས་ཐམས་ཅད་མཚན་ཉིད་འདྲེས་པ་མེད་པས་ཆོས་ཀྱི་དབྱིངས་སུ་འདུ་བར་ཤེས་པ། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བས་ནམ་མཁའི་རང་བཞིན་དུ་སོ་སོར་རྟོག་པའོ། །