55622
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕལ་ཆེན་ལེའུ་ཞེ་གསུམ་པ་བྱུང་བ་སྟེ། འདི་ལྟར་སངས་རྒྱས་ཐམས་ཅད་མཆོད་ཅིང་རིམ་གྲོ་བྱ་བས་མི་སྐྱོ་ཞིང༌། ཡོངས་སུ་སྒྱིད་ལུག་པ་མེད་པའི་སེམས་བསྐྱེད་པ། དགེ་བའི་བཤེས་གཉེན་ཐམས་ཅད་བསྙེན་བཀུར་བས་མི་སྐྱོ་ཞིང༌། ཡོངས་སུ་སྒྱིད་ལུག་པ་མེད་པའི་སེམས་བསྐྱེད་པ། ཆོས་ཐམས་ཅད་བཙལ་བ་ལ་མི་སྐྱོ་ཞིང༌། ཡོངས་སུ་སྒྱིད་ལུག་པ་མེད་པའི་སེམས་བསྐྱེད་པ། ཆོས་ཐམས་ཅད་མཉན་པ་ལ་མི་སྐྱོ་ཞིང༌། ཡོངས་སུ་སྒྱིད་ལུག་པ་མེད་པའི་སེམས་བསྐྱེད་པ། ཆོས་ཐམས་ཅད་བསྟན་པ་ལ་མི་སྐྱོ་ཞིང༌། ཡོངས་སུ་སྒྱིད་ལུག་པ་མེད་པའི་སེམས་བསྐྱེད་པ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང༌། གདུལ་བས་མི་སྐྱོ་ཞིང༌། ཡོངས་སུ་སྒྱིད་ལུག་པ་མེད་པའི་སེམས་བསྐྱེད་པ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་བྱང་ཆུབ་ལ་རབ་ཏུ་དགོད་པར་བྱ་བས་མི་སྐྱོ་ཞིང༌། ཡོངས་སུ་སྒྱིད་ལུག་པ་མེད་པའི་སེམས་བསྐྱེད་པ། བསྐལ་བ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་འཇིག་རྟེན་གྱི་ཁམས་རེ་རེར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་མི་སྐྱོ་ཞིང༌། ཡོངས་སུ་སྒྱིད་ལུག་པ་མེད་པའི་སེམས་བསྐྱེད་པ། འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་རྗེས་སུ་སྤྱོད་པས་མི་སྐྱོ་ཞིང༌། ཡོངས་སུ་སྒྱིད་ལུག་པ་མེད་པས་སེམས་བསྐྱེད་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་རྟོགས་པར་བྱ་བ་དང༌། ཡང་དག་པར་ལྟ་བ་ལ་མི་སྐྱོ་ཞིང༌། ཡོངས་སུ་སྒྱིད་ལུག་པ་མེད་པའི་སེམས་བསྐྱེད་པའོ། ། |
| Domain | ཆོས་ལུགས། |