55648
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རང་གིས་མི་འདོད་པའི་སྡུག་བསྔལ་སེལ་བ་དང་འདོད་པའི་བདེ་བ་དངོས་དེ་འབྱུང་བ་ལ་གང་ཟག་ཁྱད་པར་ཅན་སོགས་གཞན་ལ་སྒྲོ་འདོགས་དང་སྐུར་འདེབས་མི་བྱེད་པ་དང་། སེམས་ཅན་ཀུན་ལ་ཕན་པའི་སེམས་དང་ལྡན་པར་བྱེད་དགོས་པར་དོན་གྱིས་གོ་བར་བྱ་བའི་ཆེད་དུ་ཡིན་ཏེ། དེ་ཡང་དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། གཉིས་པ་དགོས་པ་བཤད་པ་ནི། མི་སྣང་བ་མི་དམིགས་པའི་རྟགས་ཡང་དག་གི་རྣམ་གཞག་གསུངས་པ་ལ་དགོས་པ་ཡོད་དེ། རྒྱུ་མཚན་ཡང་དག་མ་མཐོང་བཞིན་དུ། གང་ཟག་འདི་སྐྱོན་འདི་ལྟ་བུ་དང་བཅས་སོ། །ཡོན་ཏན་ཅུང་ཟད་ཀྱང་མེད་དོ། །ཞེས་སྐུར་བ་འདེབས་པ་དགག་པ་དང་། སེམས་ཅན་ཐམས་ཅན་ལ་ཕན་པ་དང་བདེ་བའི་སེམས་དང་ལྡན་པར་བྱ་དགོས་པར་དོན་གྱིས་གོ་བར་བྱ་བའི་ཆེད་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། |
| Domain | ཚད་མ། |