55651
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དགག་གཞི་ཕྱི་རྒོལ་གྱི་མངོན་སུམ་ལ་སྣང་དུ་མི་རུང་བར་མ་ཟད། དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་སྤྱིར་ཡོད་ཀྱང་ཕྱི་རྒོལ་གྱི་མངོན་སུམ་ལ་སྣང་དུ་མི་རུང་ནས་རྟགས་ཀྱིས་དགག་པ་བྱེད་པའི་དུས་དེ། མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་འཇུག་དུས་ཡིན་ཏེ། དེ་ཡང་དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། དགག་གཞི་ཕྱིར་རྒོལ་གྱི་མངོན་སུམ་ལ་སྣང་དུ་མི་རུང་བ་དགག་པ་བྱེད་པའི་ཚེ་རྗེས་དཔག་གིས་དགག་པ་བྱེད་དགོས་ཏེ། དེ་མངོན་སུམ་གྱིས་དགག་པ་མི་སྲིད་པའི་ཕྱིར། དགག་གཞི་ཕྱིར་རྒོལ་གྱི་མངོན་སུམ་ལ་སྣང་དུ་རུང་བ་ལ་ཡང། དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་ཡོད་ན། ཕྱིར་རྒོལ་གྱི་མངོན་སུམ་ལ་སྣང་དུ་རུང་བ་དང། མི་རུང་བ་གཉིས་སུ་ངེས་པ་ལས། དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་སྤྱིར་ཡོད། དེ་ཡོད་ཀྱང་ཕྱིར་རྒོལ་གྱི་མངོན་སུམ་ལ་སྣང་དུ་མི་རུང་ནས་རྟགས་ཀྱིས་དགག་པ་བྱེད་པའི་ཚེ། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་ལ་རང་གང་ལ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཤ་ཟ་ཡོད་ངེས་ཀྱི་དཔྱད་ཤེས་དོན་མཐུན་མི་འཇུག་སྟེ། ཤ་ཟ་ལ་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ཚད་མས་མ་དམིགས་པའི་ཕྱིར། ཞེས་པ་ལྟ་བུ་ལ་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་འཇུག ཅེས་གསུངས་པའི་ཕྱིར། |
| Domain | ཚད་མ། |