55678

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་སྨྲ་གཤེན་གསུམ་ (1)
Part of speech མིང་ཚིག
Definition བོན། མི་ནི་དལ་འབྱོར་ཅན་ཞེས་པ་བྱེ་བྲག་སྨྲ་བསམ་དབང་ལྡན་སེམས་བསྐྱེད་བྱམས་སེེམས་དང་ལྡན་ཞིང་བོན་རྒྱུད་ལ་བརྟེན་ཏེ་ལམ་ཉམས་སུ་ལེན་པ་རྣམས་སོ། །སྨྲ་ནི་དཀར་ཕྱོགས་ཡོད་པར་སྨྲ་བ་ཞེས་པ་སེམས་ཅན་ལས་བཟང་གི་འཕྲོ་ཅན་རྣམས་བག་ཆགས་སད་དེ་རྒྱུ་འབྲས་ཀྱི་ཚུལ་ཤེས་ཤིང་སྤང་བླང་ཕྱེད་ཅིང་དགེ་བ་དང་དུ་ལེན་པ་ལ་བརྗོད། གཤེན་ནི་ལམ་རྒྱུད་ལ་བརྟེན་པ་ཞེས་པ་མཁྱེན་བརྩེའི་ཐུགས་རྗེ་ལྡན་ལ་ཕྲིན་ལས་འགྲོ་དོན་མཛད་པ་ལ་བརྗོད་དོ། །དེ་རྣམས་བསྟན་པའི་ཞིང་ས་ཡིན་ལ། དེ་དག་ལའང་སྐྱོབས་པའི་མགོན་ནི་ཕྱྭ་སྲིད་སྐོས་གསུམ་སྟེ། དེ་རྣམས་ཀྱང་བདེར་གཤེགས་ཀྱི་ཐུགས་རྗེའི་ནུས་པ་སྐུ་གསུང་ཐུགས་ཡིན་པར་བཤད་དོ། །
Domain ཆོས་ལུགས།