55682

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མི་སྲིད་རྣམ་གཅོད་ཀྱི་སྒྲ་ (1)
Part of speech མིང་ཚིག
Definition ཆོས་དེ་གཞི་དེ་ལ་མི་སྲིད་པ་རྣམ་པར་བཅད་ནས་དེ་ལ་སྲིད་པ་གོ་བར་བྱེད་པའི་ངག་ཞིག་ལ་ཟེར་བ་ཡིན་ཏེ། མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་ཡུལ་ཡུལ་ཅན་གྱི་རྣམ་བཞག་གསལ་བའི་མེ་ལོང་ལས། མཚོ་སྐྱེས་སྔོན་པོ་སྲིད་ཅེས་པའི་ངག་དེ་གསུམ་པ་ཡིན་ཏེ། དེ་འདྲ་བའི་ངག་དེས་མཚོ་སྐྱེས་སྔོན་པོ་མི་སྲིད་པ་རྣམ་པར་བཅད་ནས་དེ་སྲིད་པ་གོ་བར་བྱེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར།
Domain ཚད་མ།

{{#arraymap:མི་སྲིད་རྣམ་གཅོད་ཀྱི་སྒྲ་

|; |@@@ | | }}

མི་སྲིད་རྣམ་གཅོད་ཀྱི་སྒྲ་ (2)
Part of speech མིང་ཚིག
Definition ཆོས་དེ་གཞི་དེ་ལ་ལྡན་མི་སྲིད་པ་རྣམ་པར་བཅད་ནས་ལྡན་སྲིད་པ་ཁོ་ནར་སྟོན་པའི་ངག་ཞིག་ལ་ཟེར་བ་ཡིན་ཏེ། རྒྱལ་དབང་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་ཀྱིས་མཛད་པའི་བསྟན་བཅོས་ཆེན་མོ་ཚད་མ་རིགས་པའི་རྒྱན་ལས། མི་སྲིད་རྣམ་གཅོད་ཀྱི་སྒྲའི་མཚན་ཉིད། ཆོས་དེ་གཞི་དེ་ལ་ལྡན་མི་སྲིད་པ་རྣམ་པར་བཅད་ནས་ལྡན་སྲིད་པ་ཁོ་ནར་སྟོན་པའི་ངག དཔེར་ན་བ་ལས་བེའུ་འབྱུང་བ་སྲིད་པ་ཁོ་ན་ཡིན་ཞེས་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར།

{{#arraymap:མི་སྲིད་རྣམ་གཅོད་ཀྱི་སྒྲ་

|; |@@@ | | }}