5569
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བརྩི་བྱ་སོ་སོ་སྐྱེས་དུས་ཀྱི་གནམ་ལོ་སྟེ། དཀྱུས་མ་ལོ་ནི་ཁོང་ནོང་ལོ་བཅུ་གཉིས་ལ་གཏོགས་པའི་བུ་བུ་མོ་ཕན་ཚུན་གཉེན་སྒྲིག་བྱེད་པ་ལ་ཟེར་བ་ཡིན། སྤྱིར་མག་བག་དེ་རིགས་ལ་ཕན་ཚུན་སྐྱ་ཡར་བསྟེན་པའི་མཐུན་སྦྱོར་གཉེན་ལམ་མེད་པས་བཟའ་སྒྲིག་བྱེད་མི་རུང་བར་སྤང་དགོས། གལ་ཏེ་མ་སྤངས་པར་ཆང་ས་བརྒྱབ་ན། ཚེ་སྨད་ལ་སྐྱིད་ཀྱང་ཚེ་སྟོད་དུ་སྡུག་བསྔལ་མྱོང་ཞིང་བུ་གསུམ་འཆི་བའི་ངོ་ཡོད་པས། བཅོས་སུ་བུ་ཚ་སྔ་མར་ཆུང་གླུད་གཏོང་དགོས། དེ་ལྟའི་གཉེན་སྡེབ་ནི་མག་པ་ཆུ་སྟག་ལོ་པ་ཡིན་པར་ཆ་བཞག་ན། ཆུང་མར་བསུ་རྒྱུའི་བག་མ་དེ་མེ་གླང་ལོ་མ་ཡིན་པ་ལྟ་བུ་ཡིན། |
| Domain | རྩིས་རིག |