55697
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མི་སློབ་པའི་ལས་ཀྱི་འབྲས་བུ་སློབ་པའི་ཆོས་རྣམས་འབྲས་བུ་དང་བདག་འབྲས་ཁོ་ན་དང་བཅས་པ་དང། མི་སློབ་པའི་ལས་ཀྱི་འབྲས་བུ་མི་སློབ་པའི་ཆོས་རྣམས་བྲལ་འབྲས་རྣམ་སྨིན་གྱི་འབྲས་བུ་མ་གཏོགས་པའི་འབྲས་བུ་གསུམ་གྱིས་འབྲས་བུ་དང་བཅས་ཏེ། རྒྱུ་མཐུན་གྱི་འབྲས་བུ། བདག་འབྲས། སྐྱེས་བུ་བྱེད་པའི་འབྲས་བུའོ། །སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པའི་ལས་ཀྱི་འབྲས་བུ་ནི་འབྲས་བུ་གཉིས་དང་བཅས་ཏེ། སྐྱེས་བུ་བྱེད་པ་དང་བདག་པོའི་འབྲས་བུ་དག་གོ ། |
| Domain | ཆོས་ལུགས། |