5570

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁོང་ནོང་ལོ་ (1)
Part of speech མིང་ཚིག
Definition ལོ་རྒན་དྲུག་ཅུ་པོ་སྲོག་དབང་གཉིས་ཀའི་ཁམས་ཀྱི་འབྲེལ་བ་ལ་བརྟེན་ནས་ཁག་ལྔར་བསྡུས་པའི་ནང་གསེས་ཤིག་སྟེ། དབང་ཁམས་ནི་སྲོག་ཁམས་ཀྱི་མར་འགྲོ་བའི་ལོ་དག་ལ་ཟེར་བ་ཡིན། ལོ་འགྲོས་བཅུ་གཉིས་ལ་ལྟོས་པའི་དེ་ལྟའི་ལོ་བཅུ་གཉིས་ཡོད་པ་ནི་ཤིང་གི་རྟ་སྦྲུལ་དང་། མེ་ཡི་གཤེད་བཞི། ས་ཡི་བྱ་སྤྲེལ། ལྕགས་ཀྱི་བྱི་ཕག། ཆུ་ཡི་སྟག་ཡོས་བཅས་ཡིན་ཞིང་། དེ་དག་ལས་གང་ཞིག་གནམ་ལོར་ཤར་བའི་སྟེང་དུ་སྐྱེས་པའི་བརྩི་བྱ་དག་སྤྱིར་ཚ་གྲང་དཀའ་སྤྱད་ཐུབ་པའི་མི་ཞིག་འོང་ཡང་ཆུང་དུས་སུ་དྭ་ཕྲུག་ལ་ལུས་ཉེན་ཡོད། ཚེ་སྟོད་དུ་ནོར་ལ་གང་སྟོང་ཆེ་ཡང་ཚེ་སྨད་དུ་སྐྱིད། ཕ་ཚན་བྱེ་བྲལ་འོང་ཞིང་ཕ་མེས་རབས་བརྒྱུད་གསུམ་དུ་ཆད། དེ་ལས་གཉིས་བཟང་པོའི་རྩེ་མཉམ། གཅིག་ལ་དར་གུད་ཆེ། བུ་སྲིང་མནའ་མ་གྲིར་ཤི་བའི་ངོ་ཡོད། བུ་ཚའི་དབང་ཐང་ཆུང་། ས་དགྲ་དང་ནོར་རྫས་ཀྱི་ཕྱིར་འབྲངས་པའི་འདྲེའམ་ཕུར་ཁ་གནོད་པས། བཟློག་པའི་རིམ་གྲོར་སྣང་བརྒྱད་བཀྲ་བརྩེགས་དང་སྲི་གནོན་བྱ་དགོས། བྱེ་བྲག་ཏུ་སྲོག་ཁམས་ཀྱི་མར་འགྲོ་བའི་དབང་ཁམས་དེ་འབྱུང་བ་ལྔ་ལས་གང་ཡིན་ལ་བལྟས་ཏེ་ཁོང་ནོང་ལོ་བཅུ་གཉིས་པོ་ཡང་ཕ་ཁུའི་ཁོང་ནོང་དང་། བཟའ་ཚང་གི་ཁོང་ནོང་། མ་ཕྱིའི་ཁོང་ནོང་། ཞང་པོའི་ཁོང་ནོང་། བུ་ཚའི་ཁོང་ནོང་བཅས་ཁག་ལྔར་བསྡུས་པ་ལ་རང་འབྲས་རེ་ཡོད་པ་ཡིན།
Domain རྩིས་རིག