55732
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རང་རྒྱུད་པ། རང་འབྲས་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་ནང་གི་གཟུགས་ཅན་དང་པ་ཞིག་ལ་ཟེར། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྨད་ཆ་ལས། རང་འབྲས་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་རིགས་སུ་གནས་པའི་ནང་གི་གཟུགས་ཅན་དང་བ། མིག་གི་དབང་པོའི་མཚན་ཉིད། དབྱེ་ན། རྟེན་བཅས་ཀྱི་མིག་དབང་དང་། རྟེན་མཚུངས་ཀྱི་མིག་དབང་གཉིས། དང་པོ་ནི། གཉིད་སད་པའི་གནས་སྐབས་ཀྱི་མིག་དབང་ལྟ་བུ། གཉིས་པ་ནི། གཉིད་ལོག་པའི་གནས་སྐབས་ཀྱི་མིག་དབང་ལྟ་བུ། མིག མིག་དབང་། མིག་གི་ཁམས། མིག་གི་སྐྱེ་མཆེད་རྣམས་དོན་གཅིག ཅེས་གསུངས། |
| Domain | ཆོས་ལུགས། |