From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མིག་དམར་ (1)
| Part of speech
|
མིང་ཚིག
|
| Definition
|
ཉི་མ་ནས་བརྩིས་པའི་རྒྱུ་སྐར་བཞི་པ་སྟེ། སའི་གོ་ལའི་རྗེས་དང་ཕུར་བུའི་སྔོན་གྱི་གཟའ་སྐར་ཞིག
|
| Example
|
མིག་དམར་གྱི་སྟེང་དུ་ཚེ་སྲོག་འཚོ་ཐུབ་བམ། མིག་དམར་གྱི་ཁ་དོག་སྐྱ་བོ་ཡིན་ལྟ་བུ།
|
| Synonyms
|
ཨངྒཱ་ར་ཀ བཀྲ་ཤིས། ཆུ་སྟོད་སྐྱེས། ནམ་མཁའི་སྟེང་འགྲོ། པ་སངས་བུ། རྩིབས་ལྡན། གཞོན་ནུ། འོད་ཟེར་དགུ་བ། ཡན་ལག་དམར་བ། རོལ་འགྲོ། ལག་ན་མདུང་ཐོགས། ལུས་དམར་ཅན། ལུས་དམར་དམག་དཔོན། ས་སྐྱེས། ས་ཡི་བུ། ས་ལྷའི་བུ། ས་བྱུང་། ས་གཞི་ལས་བྱུང་། ཨ་ལོང་ཅན།
|
མིག་དམར་ (2)
| Part of speech
|
མིང་ཚིག
|
| Definition
|
གཟའ་མིག་དམར་གྱི་བསྡུས་མིང་སྟེ། གཟའ་འཁོར་གཅིག་ནང་གི་རེས་གཟའ་ཟླ་བའི་སྔོན་དང་ལྷག་པའི་རྗེས་ཀྱི་ཉི་མ།
|
| Example
|
མིག་དམར་ལ་ལས་ཀ་ག་རེ་ཡོད། མིག་དམར་ལ་ཁོམ་ན་ང་ལ་རོགས་བྱོས་ལྟ་བུ།
|
མིག་དམར་ (3)
| Part of speech
|
མིང་ཚིག
|
| Definition
|
མིག་འབྲས་ཁྲག་གི་མདོག་ལྟར་གྱུར་པ།
|
| Example
|
མིག་དམར་གདོང་ལས་མཆི་མ་འཛག་ལྟ་བུ།
|
མིག་དམར་ (4)
| Part of speech
|
མིང་ཚིག
|
| Definition
|
མ་ཧེ་སྟེ། མིག་སྤྲིན་དུ་དམར་ཚག་རྡུལ་ལྟ་བུ་ཡོད་པས་ནའོ། །
|
| Type
|
མངོན་བརྗོད།
|
མིག་དམར་ (5)
| Part of speech
|
མིང་ཚིག
|
| Definition
|
སྲིན་པོ་སྟེ། མིག་དམར་པོ་ཡིན་པས་ནའོ། །
|
མིག་དམར་ (6)
| Part of speech
|
མིང་ཚིག
|
| Definition
|
ཤིང་ཕོ་བྱི།
|
| Domain
|
རྩིས་རིག
|