55778
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གཟའ་བཞིའི་ཀླུང་རྩིས་ལས་གཟའ་སུམ་འདོམ་གྱི་ནང་གསེས་ཤིག་སྟེ། བརྩི་བྱ་གང་དག་གི་དཀྱུས་མ་ལོའི་དབང་ཁམས་ལ་སྦྱར་བའི་ཕྱི་གཟའ་དང་། ལོ་འགྲོས་རྐྱང་པར་སྦྱར་བའི་བར་གཟའ། སྐྱེས་སྤར་ལ་སྦྱར་བའི་ནང་གཟའ་བཅས་གསུམ་ཀ་བཏགས་གཟའ་མིག་དམར་ཡིན་པ་ལ་ཟེར་ཞིང་། བརྩི་ཚུལ་གཞན་ལྟར་ན་ཕྱི་གཟའི་ཚབ་ཏུ་གཟའ་བཞིའི་ཀླུང་རྩིས་མ་ལ་གཙོ་ཆེར་བརྩི་བས་མའི་རང་ལོའི་བར་གཟའམ། ཡང་ན་ཕའི་རང་ལོའི་བར་གཟའ་མིག་དམར་ཡིན་ཡང་རུང་བ་ཡིན། བརྩི་བྱ་དེ་རིགས་ལ་བཙན་སོགས་འཇིག་རྟེན་དྲག་པོས་སྡོང་གྲོགས་བྱེད། ་དམ་སྲི་དང་གྲེ་བོ་གནོད། ཚེ་འབྲིང་ཚེ་ཡི་སྨད་ལ་སྐྱིད། ནོར་ལ་གང་སྟོངས་ཆེ། ཕ་ཁུར་མནའ་ཟ་ཡང་རང་ལ་བསོད་ནམས་འབྱུང་། གཟའ་འདི་རང་ལ་ཁྱིམ་ཕུབ་ན་མོ་ནོར་གཉིས་ཀར་ངན། ཐ་མར་གྲིའམ་ཚད་པས་འཆི་བས། བཅོས་སུ་ལྷོ་ངོས་སུ་དོང་གྲུ་གསུམ་བྲུས་པའི་ནང་དུ་མེ་བཏང་ནས་རྩ་གཏོ་གཞུང་ལྟར་བྱ་དགོས་ལ། མིང་ངན་ཡང་ཡང་བརྗེས་ནས་འདོགས་ཀྱང་དགོས། གལ་སྲིད་བརྩི་བྱའི་ལོ་ཁམས་མི་འབྲུག་ཡིན་པར་ཆ་བཞག་ན། དབང་ཁམས་མེ་དང་ལོ་འགྲོས་འབྲུག་ལ་སྦྱར་བའི་ཕྱི་བར་གྱི་གཟའ་གཉིས་མིག་དམར་ཡིན་ལ། དེའི་ཁར་བརྩི་བྱ་དེ་སྐྱེས་པ་ཡིན་ན་སྐྱེས་སྤར་དྭའམ་ཟིན་དང་། བུད་མེད་ཡིན་ན་སྐྱེས་སྤར་ལིའམ་ཁམ་ཡིན་ན། དེར་སྦྱར་བའི་ནང་གཟའ་ཡང་མིག་དམར་ཡིན་པས་མིག་དམར་གསུམ་འདོམ་པ་ལྟ་བུ་ཡིན། |
| Domain | རྩིས་རིག |