55798

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མིག་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་ལས་བྱུང་བ་སྟེ། གཟུགས་ཐམས་ཅད་ལ་བལྟ་བའི་ཕྱིར་ཤའི་མིག སེམས་ཅན་ཐམས་ཅད་ལ་བལྟ་བའི་ཕྱིར་ལྷའི་མིག། སེམས་ཅན་ཐམས་ཅད་དབང་པོ་དང་ཡུལ་ལ་བལྟ་བའི་ཕྱིར་ཤེས་རབ་ཀྱི་མིག། ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་བལྟ་བའི་ཕྱིར་ཆོས་ཀྱི་མིག། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་བལྟ་བའི་ཕྱིར་སངས་རྒྱས་ཀྱི་མིག། ཆོས་ཡོངས་སུ་ཤེས་པ་བལྟ་བའི་ཕྱིར་ཡེ་ཤེས་ཀྱི་མིག། སངས་རྒྱས་ཀྱི་མཐུའི་འོད་སྣང་བ་བལྟ་བའི་ཕྱིར་སྣང་བའི་མིག། མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་མངོན་པར་བསྒྲུབ་པའི་མིག བསྒྲིབས་པ་མེད་པར་བྱ་བའི་ཕྱིར་ཆགས་པ་མེད་པའི་མིག། ཆོས་ཀྱི་དབྱིངས་ཐམས་ཅད་ནས་བལྟ་བའི་ཕྱིར་ཐམས་ཅད་མཁྱེན་པའི་མིག་གོ །
Domain ཆོས་ལུགས།