5588

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁོང་སྙོམ་ (1)
Part of speech མིང་ཚིག
Definition ཡིད་ཞུམ་པའམ་ལེ་ལོའི་དོན་ཏེ། བརྡ་གསར་རྙིང་གི་ཁྱད་པར་ལས་བྱུང་བའི་མིང་གི་རྣམ་གྲངས་ལས། ཁོང་སྙོམ་པ་ནི་ཡིད་ཞུམ་པ་ཞེས་གསུངས།
Type བརྡ་རྙིང་།
ཁོང་སྙོམ་ (2)
Part of speech མིང་ཚིག
Definition ཡིད་མི་དགའ་བའི་དོན་ལ་འཇུག་སྟེ། བརྡ་སྤྲོད་དཔག་བསམ་ལྗོན་པའི་སྙེ་མ་ལས། ཁོང་སྙོམ་ནི་ཡིད་མི་དགའ་བ་ཞེས་གསུངས་པ་ལྟ་བུ།