55979
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། རང་རྒྱུད་པ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་བཞི་པ་ལ་མིང་གཟུགས་ཅི་རིགས་པའི་རྟེན་འབྲེལ་ཞེས་ཟེར། དེའི་ནང་ཚན་གྱི་མིང་ནི་གཟུགས་ཀྱི་ཕུང་པོ་ལས་གཞན་པའི་ཕུང་པོ་ལྷག་མ་བཞི་ཡིན་ལ། ལས་དང་ཉོན་མོངས་ཀྱི་དབང་གིས་གང་དུ་སྐྱེ་བའི་གནས་དེ་དང་དེར་བཀྲི་བས་མིང་དང། གཟུགས་ནི་སྐབས་དེའི་མེར་མེར་པོ་ལ་སོགས་པའི་གཟུགས་ཀྱི་ཕུང་པོར་འཇོག དེ་ཡང་པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་མིང་གཟུགས་ཀྱི་རྟེན་འབྲེལ་ཡོད་དེ། ཡན་ལག་བཅུ་གཉིས་ཀྱི་ནང་ཚན་དུ་གྱུར་པའི་རྣམ་ཤེས་མངལ་དུ་ཉིང་མཚམས་སྦྱར་བའི་སྐད་ཅིག་གཉིས་པ་ནས་བཟུང་སྟེ། སྐྱེ་མཆེད་དྲུག་རྫོགས་པར་མ་དོད་པའི་བར་གྱི་ནུར་ནུར་པོ་སོགས་ལྔ་དེའི་ནང་ཚན་དུ་གྱུར་པའི་མིང་གཟུགས་གཉིས་སུ་ཕྱེ་བའི་གཟུགས་དང། དེའི་གནས་སྐབས་ཀྱི་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པ་བཞི་དེའི་ནང་ཚན་དུ་གྱུར་པའི་མིང་དང་གཟུགས་གཉིས་སུ་ཕྱེ་བའི་མིང་ཡིན་པའི་ཕྱིར། ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:མིང་གཟུགས་ཀྱི་རྟེན་འབྲེལ་
|; |@@@ | | }}