55987
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དོན་གྱི་ངོ་བོ་ཙམ་སྟོན་པར་བྱེད་པའི་བརྡའམ་ཐ་སྙད་རྣམས་ཏེ། |
Example | ཉི་མ། ཟླ་བ། འབྲི། གཡག་ལྟ་བུ། |
Domain | སྒྲ་རིག་པ། |
{{#arraymap:མིང་གི་ཚོགས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། མི་ལྡན་པ་འདུ་བྱེད་བཅུ་བཞིའི་ནང་གསེས་ཤིག དོན་གྱི་ངོ་བོ་བརྗོད་པར་བྱེད་པ་སྟེ་གཟུགས་ཞེས་པ་ལྟ་བུ་མིང་དང། དེ་དག་མང་པོའི་དོན་གང་ཡིན་པ་ནི་མིང་གི་ཚོགས་ཏེ། དཔེར་ན་གཟུགས་སྒྲ་དྲི་རོ་རེག་བྱ་དག་ཅེས་པ་ལྟ་བུའོ། །དེ་དག་ངག་ཡིན་ན་ངག་ནི་སྒྲ་ཡིན་པས་སྒྲ་ཙམ་གྱིས་ནི་དོན་གོ་བར་མི་འགྱུར་ཞིང་དེ་ལྟར་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རྗོད་པའི་ངག་ནི་མིང་ལ་འཇུག་ལ་དེས་དོན་རྗོད་པར་བྱེད་དོ། ། དེ་ཡང་དེ་དག་ནི་སྐྱེས་བུའི་རྩོལ་བ་ལས་བྱུང་ཞིང་རྒྱུད་དུ་གཏོགས་པའི་ཕུང་པོའི་ཚོགས་པ་ན་ཡོད་པས་རྒྱུད་ཀྱིས་བསྡུས་པའི་ཕྱིར་ན་སེམས་ཅན་དུ་སྟོན་པ་ཡིན་ནོ། །ངག་ལ་ལྟོས་པའི་ཕྱིར་ན་འདོད་པ་དང་གཟུགས་སུ་གཏོགས་པ་ཁོ་ན་ཡིན་ནོ། །འདོད་དགུར་འབྱུང་ཞིང་གཟུགས་ཅན་མ་ཡིན་པས་རྣམ་སྨིན་དང་རྒྱས་བྱུང་མ་ཡིན་གྱི་སྐལ་མཉམ་གྱི་རྒྱུ་ལས་བྱུང་བའི་རྒྱུ་མཐུན་ལས་བྱུང་ངོ་། །དགེ་རྩ་ཆད་པ་དང་ཉོན་མོངས་སྤངས་པ་ལ་ཡོད་པས་དགེ་བ་དང་ཉོན་མོངས་ཅན་མིན་གྱི་ལུང་བསྟན་མིན་པ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའོ། ། དེ་དག་སྒྲའི་རང་བཞིན་ནི་མ་ཡིན་གྱི་འོན་ཀྱང་རྣམ་རྟོག་གི་ཡུལ་ཉིད་དོ། །དེ་ཡང་རྫས་སུ་མེད་ན་དོན་རྗོད་བྱེད་མ་ཡིན་པར་ཐལ་བར་འགྱུར་རོ་ཞེས་བྱེ་བྲག་ཏུ་སྨྲ་བ་ཟེར་རོ། ། མདོ་སྡེ་པས། བུམ་པ་ཞེས་སོགས་བརྡ་མཚམས་བཅད་ན་ནི་གཉིས་ཀས་དོན་ལྟོ་ལྡིར་བ་གོ་བར་རུང་བའི་ཕྱིར་ངག་དང་མིང་གི་རིམ་པ་ལ་མི་ལྟོས་ཏེ། ངག་ཕྱོགས་ས་དང་འོད་ཟེར་དང་། །ཕྱུགས་དང་མིག་དང་རྡོ་རྗེ་དང་། །མཐོ་རིས་ཆུ་དང་དོན་དགུ་ལས། །མཁས་པས་གོའི་སྒྲ་ངེས་གཟུང་བྱ། །ཞེས་གོས་དོན་དགུ་བརྗོད་པར་བཤད་པ་ལྟ་བུའོ། །བརྡ་མཚམས་མ་བཅད་ན་ནི་གཉིས་ཀའང་དོན་གྱི་རྗོད་བྱེད་དུ་མི་འགྱུར་བའི་ཕྱིར་དང་། ངག་མིང་ལ་འཇུག་པའང་གསལ་བར་བྱེད་པ་དང་སྐྱེད་པར་བྱེད་པ་གཉིས་ཀ་མི་འཐད་པའི་ཕྱིར་ཏེ། ངག་ནི་སྒྲའི་རང་བཞིན་ཡིན་པའི་ཕྱིར་སྒྲ་ཙམ་ཐམས་ཅད་ཀྱིས་མིང་གསལ་བ་དང་སྐྱེད་པར་འགྱུར་རོ་ཞེས་བྱ་བ་དང་། མིང་ལ་སོགས་པའང་སྒྲའི་རང་བཞིན་ལ་འདོད་ན་ནི་གཟུགས་ཀྱི་ཕུང་པོ་ལ་བཏགས་པ་ཡིན་ལ། རྣམ་རྟོག་གི་ཡུལ་གྱི་སྒྲའི་སྤྱི་ལ་འདོད་ན་ནི་ངོ་བོ་ཉིད་མེད་པའི་ཕྱིར་རྫས་སུ་མེད་དོ་ཞེས་ཟེར་རོ། ། |
Domain | ཆོས་ལུགས། |
{{#arraymap:མིང་གི་ཚོགས་
|; |@@@ | | }}