55990

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མིང་གི་རྣམ་གྲངས་ཀྱི་ལྟ་བ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། རྒྱུད་ཀྱི་ཁོག་དབུབ་རིན་པོ་ཆེ་འབར་བའི་གུར་ལས། ལྟ་བ་ལ་མིང་གི་རྣམ་གྲངས་ཀྱི་ལྟ་བ་དང་། དོན་གྱི་རྣམ་གྲངས་ཀྱི་ལྟ་བ་གཉིས་སུ་གསུངས་པ་ལས། དང་པོ་ནི། དོན་མཐོང་བ་ཤེས་རབ་སྤྱན་གྱི་ལྟ་བ། དོན་ཐོས་པ་ཤེས་རབ་སྙན་གྱི་ལྟ་བ། དོན་ཚོར་བ་ཤེས་རབ་ཤངས་ཀྱི་ལྟ་བ། ཉམས་སུ་མྱོང་བ་ཤེས་རབ་ལྗགས་ཀྱི་ལྟ་བ། ཤེས་རབ་ལུས་ཀྱི་ལྟ་བ། བདག་ཉིད་ཆེན་པོར་རྟོགས་པ་ཤེས་རབ་ཡིད་ཀྱི་ལྟ་བ། ཐམས་ཅད་རང་སྣང་རང་གསལ་བ་ཤེས་རབ་ཉོན་ཡིད་ཀྱི་ལྟ་བ། དོན་སེམས་རྟོག་མེད་དུ་གསལ་བ་ཤེས་རབ་ཀུན་གཞིའི་ལྟ་བའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:མིང་གི་རྣམ་གྲངས་ཀྱི་ལྟ་བ་

|; |@@@ | | }}