56003
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གབ་ཚིག་གི་རྒྱན་གྱི་ནང་གསེས་དགུ་པ་སྟེ། ཚིག་སྦྱོར་གང་དུ་གབ་བྱ་གབ་བྱེད་དག་མིང་ཐུན་མོང་དུ་གྱུར་པ་ལ་སྣ་ཚོགས་པའི་དོན་དུ་མར་འཁྲུལ་ཡང་ལེགས་པར་བརྟགས་ན་མཐར་གབ་བྱའི་མིང་དུ་འདུས་ཤིང་གཞོལ་བ་ཞིག་ཡིན། |
| Example | བོད་མཁས་པས། ལང་ཚོས་ཁེངས་ལྡན་ཁྱོད་འཇོམས་ཉག་ཕྲན་ཅན། །ཐོག་མར་པུཥྤེ་ཀ་ཞེས་སྙན་སྒྲོགས་པ། ། བརྣག་དཀའི་ཟུག་རྔུ་འབྱིན་པར་བྱེད་པ་པོ། །དཔའ་བོ་མ་ཡིན་གེ་སར་ཅན་ཡང་མིན། །ལྟ་བུ། |
| Domain | རྩོམ་རིག |