56017
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་རྒྱུད། དེ་ཡང་ནྲྀ་བྲི་བ་ནི། གུར་གུམ་གྱིས་ནི་མིང་ཡང་རུང། །ཞེས་དང་། རྗེ་བཙུན་གྱིས་སཱཙྪཱ་ལ་མིང་བྱང་བཞག་པར་བྱའོ་གསུངས། ཎི་མི་ཡི་ས་བོན་ཡིན་པ་ལ་དགོངས་པའི་ཕྱིར་རོ། །ཕྱག་ལེན་ལ་མིང་གི་མཐར་སྡིག་པ་སྦྱོང་བའི་སྤེལ་ཚིག་སྦྱར་བ་ཡང་སྣང། མིང་ཡིག་བྲི་བ་ནི་ཤིན་ཏུ་ལེགས། ཞེས་དང་། དེང་སང་རོའི་རྒྱུད་དུ་མིང་བྱང་བཞག་པ་ནི་བྱང་སྲེག་བྱེད་ན་ལེགས་ཆར་ལོས་འགྲོ། དེ་མིན་ལྷག་སྐྱོན་ནོ། །ཡང་རུས་པ་རྟེན་དངོས་སུ་ཡོད་པ་ལའང་མིང་བྱང་བཞག་པ་ཡང་དེ་དང་མཚུངས་ཤིང་། དེ་མིན་རྟེན་ཡོད་མེད་གཉིས་ཀྱི་སྡིག་པ་སྦྱང་བ་ལྷན་ཅིག་དགོས་པའི་ཤེས་བྱེད་མེད་དོ། །ཡང་ཁྲུས་རུས་པ་ལ་བྱེད་ནས། རྟེན་བསྐྱེད་དབང་བསྐུར་བ་སོགས་བྱང་བུ་ལ་བྱེད་པ་ཡང་རྒྱུད་ཀྱི་དགོངས་པ་དང་མི་མཐུན་པ་འདྲའོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། ། |
| Domain | ཆོས་ལུགས། |