56026
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྗེ་ཙོང་ཁ་པའི་དྲང་ངེས་ལེགས་བཤད་སྙིང་པོ་ལས། མིང་ཙམ་གྱི་དོན་ནི་སྔར་ལྟར་ཐ་སྙད་ཀྱི་དོན་བཙལ་བ་ན་མི་རྙེད་པ་ལ་བྱེད་ཀྱི་མིང་ཡོད་ཅིང་དོན་མེད་པའམ་མིང་མ་ཡིན་པའི་དོན་མེད་པ་ནི་མ་ཡིན་ནོ། །ཞེས་གསུངས། མཁས་གྲུབ་བསྟན་དར་བའི་དབུ་མའི་སྤྱི་དོན་ལས་ཀྱང་། གཟུགས་སོགས་ཀྱི་ཆོས་རྣམས་ལ་མིང་ཙམ་བརྡ་ཙམ་ཞེས་པའི་དོན་ཡང་ཡོད་དེ། ཆོས་དང་གང་ཟག་གི་ཐ་སྙད་སྣ་ཚོགས་པ་དམིགས་པ་འདི་རྣམས་ལ། སྣམ་བུ། བུམ་པ་ཞེས་པ་དང༌། ལྷས་སྦྱིན། མཆོད་སྦྱིན་ཞེས་པའི་ཐ་སྙད་བཏགས་པ་ཙམ་གྱིས་ཚིམས་ནས་བླང་དོར་ལ་ཞུགས་ན་བླང་དོར་མི་སླུ་བ་ཡིན་གྱི། དེ་ཙམ་གྱིས་མ་ཚིམས་པར་བཏགས་དོན་དེ་རང་གི་ཆ་ཤས་རྣམས་དང་ངོ་བོ་གཅིག་དང༌། ངོ་བོ་ཐ་དད་གང་རུང་དུ་གྲུབ་བརྟགས་ནས་བླང་དོར་ལ་ཞུགས་ན་བླང་དོར་རྒྱུན་ཆད་པར་འགྱུར་བའི་ཕྱིར། དེར་ཐལ། ལྷས་སྦྱིན་དང་ཕྲད་འདོད་པའི་མི་ཞིག་གིས། ལྷས་སྦྱིན་གང་དུ་ཡོད་དྲིས་པ་ན། བྱ་རོག་སྐད་སྒྲོག་པའི་ཁང་པའི་ནང་དུ་ཡོད་ཅེས་པའི་མིང་ཙམ་གྱིས་ཚིམས་ནས་ཁྱིམ་དུ་ཞུགས་ན་ལྷས་སྦྱིན་དང་ཕྲད་པར་ནུས་ཀྱི། དེ་ཙམ་གྱིས་མ་ཚིམས་པར་བཏགས་དོན་ལྷས་སྦྱིན་དེ་རང་གི་ཆ་ཤས་རྣམས་དང་ངོ་བོ་གཅིག་དང་ཐ་དད་གང་དུ་གྲུབ་བརྟགས་ནས་ཕྲད་དགོས་ན་ཕྲད་མི་ནུས་པ་ལྟ་བུ་ཡིན་པའི་ཕྱིར། ཞེས་གསུངས། དོན་གཅིག་ལ། མིང་ཙམ་དང་། བརྡ་ཙམ། རྟོག་པས་བཏགས་ཙམ། རྟོག་པས་བཞག་ཙམ། རྟོག་པའི་དབང་གིས་བཞག་ཙམ། མིང་བརྡས་བཞག་ཙམ། མིང་བརྡའི་དབང་གིས་བཞག་ཙམ། མིང་དུ་བཏགས་པ་ཙམ། མིང་གི་ཐ་སྙད་ཀྱི་དབང་གིས་བཞག་ཙམ། བློའི་དབང་གིས་བཞག་ཙམ་རྣམས་སོ།། |
| Domain | ཚད་མ། |