56048

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མིང་སྦྱོར་རྟོག་པ་ (1)
Part of speech མིང་ཚིག
Definition མིང་སྦྱོར་རྟོག་པ་ཞེས་པ་ནི། བརྡ་དུས་ཀྱི་དོན་དང། ཐ་སྙད་ཀྱི་དོན་གཉིས་སོ་སོོར་མ་ཕྱེ་བར་འཛིན་པའི་རྟོག་པ་ཞིག་ལ་ཟེར། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས། བརྡ་དུས་ཀྱི་དོན་དང་། ཐ་སྙད་ཀྱི་དོན་གཉིས་གཅིག་ཏུ་འཛིན་པའི་ཞེན་རིག མིང་སྦྱོར་རྟོག་པའི་མཚན་ཉིད།
Example ལྟོ་ལྡིར་བ་འདི་ནི་བུམ་པའོ་སྙམ་དུ་འཛིན་པའི་ཞེན་རིག་ལྟ་བུའོ། །ཞེས་གསུངས་སོ། །
Domain ཚད་མ།