56060

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མིན་ (1)
Part of speech ཕྲད་ཚིག
Definition བྱ་བ་འགོག་པ། འདས་པ་དང་མ་འོངས་པའི་བྱ་བ་འགོག་བྱེད་ལ་འཇུག་སྟེ།
Keyword True
Example ངས་བྲིས་པ་མིན། ཁོས་བཤད་པ་མིན། ང་འགྲོ་རྒྱུ་མིན་ལྟ་བུ།
མིན་ (2)
Part of speech ཕྲད་ཚིག
Definition ཁྱད་ཆོས་འགོག་པ། ཁྱད་གཞི་གང་རུང་གི་རང་བཞིན་ནམ། རྣམ་པའམ་ཚུལ་དང་ཚད་སོགས་འགོག་པ་ལ་སྦྱོར་བ་སྟེ།
Keyword True
Example སྐྱེ་སྒོ་དེ་འདྲ་ཡག་པ་མིན་ཡང་། ཆགས་སྡང་གི་རུས་ཐོན་པ་ཞིག་ཡིན་ལྟ་བུ།
མིན་ (3)
Part of speech ཕྲད་ཚིག
Definition དངོས་པོ་དང་གྲངས་འགོག་བྱེད་ལ་འཇུག་སྟེ།
Keyword True
Example དགྲ་ལན་མ་འཕྲོད་དཔའ་བོ་མིན། །ཟས་ལན་མ་འཕྲོད་མཛངས་མ་མིན། །ལྟ་བུ།
མིན་ (4)
Part of speech ཕྲད་ཚིག
Definition འགོག་པའི་འགོག་པ། མེད་པ་ལས་ལོག་པ་ཡོད་པར་བྱེད་པ་དང་། མིན་པ་ལས་ལོག་པ་ཡིན་པར་བྱེད་པ་ལ་འཇུག་སྟེ།
Keyword True
Example ཕྱི་མར་མི་ལྟ་ཆོས་པ་མིན། །ཕྱིས་འབྱུང་མི་ལྟ་དཔོན་པོ་མིན། །ལྟ་བུ།