56097

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མིའི་ཚེ་ཚད་ (1)
Part of speech མིང་ཚིག
Definition མདོ། མངོན་པ། གླིང་བཞིའི་མིའི་ཚེ་ཚད་ཡོད་དེ། སྒྲ་མི་སྙན་པ་ཚེ་རང་ལོ་སྟོང་དུ་ཐུབ་སྟེ། ཚེ་མཐའི་མདོ་ལས། མི་རྣམས་ཀྱི་ནི་ཚེ་ལོ་དག ། སྟོང་ཕྲག་ཏུ་ནི་ཟད་པ་ནི། །གཞན་དག་ཏུ་ནི་འཆི་བྱེད་པ། །དེ་ནི་སྔོན་གྱི་སྦྱིན་པའི་འབྲས། །ཞེས་གསུངས་པའི་ཕྱིར། གླིང་གཞན་གཉིས་ཀྱི་ཚེ་ཚད་སྔ་མ་ལས་ཕྱེད་བྲི་སྟེ། བ་ལང་སྤྱོད་པའི་ཚེ་ཚད་རང་ལོ་ལྔ་བརྒྱ་དང་། ལུས་འཕགས་པོ་འི་ཚེ་ཚད་རང་ལོ་ཕྱེད་དང་གསུམ་བརྒྱ་ཡིན་པའི་ཕྱིར། འཛམ་བུ་གླིང་པའི་ཚེ་ཚད་མཐའ་གཅིག་ཏུ་མ་ངེས་ཏེ། མཐར་ཚེ་ལོ་བཅུ་ལ་རིང་མཐའ་བྱེད་པ་ཡོད་ལ། བསྐལ་པ་དང་པོའི་མི་རྣམས་ཀྱི་ཚེ་ལོ་དཔག་མེད་ཐུབ་པ་བྱུང་བའི་ཕྱིར། དེས་ན་སྒྲ་མི་སྙན་པ་ནི་རང་གི་ཚེ་ཚད་མ་རྫོགས་པར་ཚེའི་དུས་མི་བྱེད། གཞན་གསུམ་ནི་དེ་མ་རྫོགས་པར་ཚེའི་དུས་བྱེད་པ་ཡོད་དོ། །
Domain ཆོས་ལུགས།