561

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀྱེའི་རྡོ་རྗེ་བསྡུས་པའི་དོན་གྱི་རྒྱ་ཆེར་འགྲེལ་བ་ (1)
Part of speech མིང་ཚིག
Definition རྗེ་བཙུན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས་མཛད་པའི་ཀྱེའི་རྡོ་རྗེ་བསྡུས་པའི་དོན་གྱི་རྒྱ་ཆེར་འགྲེལ་བ། དེ་ཁོ་ན་ཉིད་ཀྱི་ལེའུ་ཡན་ཆད་རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ་དང་། ལོ་ཙཱ་བ་འབྲོ་སེང་སེང་དཀར་ཤཱཀྱ་འོད་ཀྱིས་བསྒྱུར། སླད་ཀྱི་རྒྱ་གར་གྱི་མཁན་པོ་ཆེན་པོ་སུ་བྷཱུ་ཏི་ཤྲཱིཤཱནྟི་དང༌། ལོ་ཙཱ་བ་ཅོག་གྲུ་ཏིང་ངེ་འཛིན་བཟང་པོས་ཞུས། ཡང་སླད་ཀྱི་རྒྱ་གར་གྱི་མཁན་པོ་རྒྱལ་པོའི་སྲས་དཔལ་འཇིགས་མེད་ལྷའི་ཞལ་སྔར་ལོ་ཙཱ་བ་སྙེལ་ཅོར་དགེ་སློང་པྲཛྙཱ་ཀཱིརྟིས་ཡུལ་དབུས་འགྱུར་གྱི་དཔེས་གཏན་ལ་ཕབ། སླར་ཡང་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་ལེགས་པར་བཤད་པའི་སློབ་མ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པས་བཤེས་གཉེན་ར་ལུང་པ་ཆོས་གྲགས་དཔལ་བཟང་པོས་བསྐུལ་ངོར་ལེགས་པར་བཅོས་ཏེ་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ། དབང་བསྐུར་བའི་ལེའུ་རྒྱ་ཆེར་བཤད་པ། རྒྱ་གར་གྱི་མཁན་པོ་བླ་མ་ཆེན་པོ་མཻ་ཏྲི་ཞབས་ལ། བོད་ཀྱི་ལོ་ཙཱ་བ་འབྲོ་དགེ་སློང་ཤེས་རབ་གྲགས་པས་ལེགས་པར་མཉན་ཏེ་བསྒྱུར། སླད་ཀྱི་བལ་པོའི་ཡུལ་གྱི་གྲོང་ཁྱེར་ཆེན་པོ་རོལ་པ་ཞེས་བྱ་བ་ནས། འབྲོ་དགེ་སློང་ལོ་ཙཱ་བས། པཎྜི་ཏ་མཻ་ཏྲི་ཞབས་ལས་རྙེད་དེ། བོད་ཡུལ་དུ་དཔེ་སྤྱན་དྲངས་ནས། དགེ་སློང་རྣལ་འབྱོར་སྤྱོད་པ་དབང་ཕྱུག་གྲགས་པས་བསྒྱུར། བསྟན་འགྱུར་རྒྱུད་ཀ་པར་བཞུགས།

{{#arraymap:ཀྱེའི་རྡོ་རྗེ་བསྡུས་པའི་དོན་གྱི་རྒྱ་ཆེར་འགྲེལ་བ་

|; |@@@ | | }}