56155

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མུ་ཁྱུད་འཛིན་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཆོས་མངོན་པ་མཛོད་དུ་བཤད་པའི་གསེར་གྱི་རི་བདུན་གྱི་ནང་གསེས་ཤིག་སྟེ། རིའི་རྩེ་མོ་མཛེས་ཤིང་སྡུག་པ་ཤིང་རྟའི་མུ་ཁྱུད་བཞིན་གནས་པས་མུ་ཁྱུད་འཛིན་རིའོ། །འདིའི་ངོ་བོ་གསེར་ཡིན་ལ། གསེར་གྱི་ས་གཞི་ལ་གནས་པའི་ཆུའི་ནང་དུ་དཔག་ཚད་བརྒྱད་ཁྲི་ནུབ་ཅིང་། གྱེན་དུ་ཆུའི་སྟེང་དུ་དཔག་ཚད་དྲུག་བརྒྱ་ཉི་ཤུ་རྩ་ལྔ་འཕགས་སོ། །ངོས་སུ་དཔག་ཚད་དྲུག་བརྒྱ་དང་བཅུ་གཉིས་ཡོད་ཅིང་རི་ཐམས་ཅད་ཀྱི་མཐའ་སྐོར་དུ་ཡོད་པའོ། །
Domain ཆོས་ལུགས།