From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མུ་ཁྲི་བཙན་པོ་ (1)
| Part of speech
|
མིང་ཚིག
|
| Definition
|
བོད་ཀྱི་རྒྱལ་པོ་གཉིས་པ་སྟེ། གནམ་གྱི་ཁྲི་བདུན་གྱི་ཡ་གྱལ་ཡིན། ཕྱི་ལོའི་སྔོན་གྱི་དུས་རབས་དང་པོའི་ནང་ཡབ་གཉའ་ཁྲི་བཙན་པོ་དང་། ཡུམ་བཙུན་མོ་གནམ་མུག་མུག་གམ་མུ་ཚོ་བཟའ་གཉིས་ཀྱི་སྲས་སུ་འཁྲུངས། བོན་གྱི་ལོ་རྒྱུས་ལྟར་ན། རྒྱལ་པོ་འདིས་གསས་མཁར་ཁོ་མ་ནེའུ་ཆུང་བཞེངས། ཞང་ཞུང་ནས་མཁས་པ་ཆེན་པོ་གཤེན་ནམ་མཁའ་སྣང་བ་མདོག་ཅན་ལ་སོགས་པ་བརྒྱ་དང་རྩ་བརྒྱད་གདན་དྲངས། བོད་དུ་བོན་གྱི་འདུ་གནས་ཆེན་པོ་བཞི་བཅུ་རྩ་ལྔ་བཙུགས། བོན་གྱི་གསུང་རབ་མདོ་འབུམ་རྒྱུད་མཛོད་སོགས་པོ་ཏི་མང་པོ་བསྒྱུར། དེ་ཡང༌། དག་པ་ལྷ་ཡི་ཡི་གེ་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར། སྟག་གཟིག་སྤུངས་ཡིག་ཞང་ཞུང་གི་ཡིག་རྒན་དུ་བསྒྱུར། ཡིག་རྒན་སྨར་སྦྲག་ཏུ་བསྒྱུར། དེ་སྨར་ཆེ་ཆུང་དུ་བསྒྱུར། སྨར་ཆེན་དབུ་ཆེན་ནམ་གཟབ་ཏུ་བསྒྱུར། ཡིག་སྣ་འབྲུ་མ་ལས་བརྩམས་སོ་ཞེས་དུས་དེའི་སྐབས་སུ་བོད་ལ་ཡི་གེ་ཡོད་པར་གསུངས། མུ་ཁྲི་ནི་བོད་དུ་གཡུང་དྲུང་གི་བོན་དར་རྒྱས་མཛད་མཁན་གཙོ་བོ་ཡིན་ཞིང༌། བོན་རྣམས་ཀྱིས་ཁོང་ལ་བརྩི་བཀུར་ཆེན་པོ་བྱེད། སྐུ་གཤེན་ཅོའུ་ལན་ཚས་མཛད། ས་དིང་དིང་མའམ་ས་སྨན་ཏིང་ཏིང་མ་ཁབ་ཏུ་བཞེས་པར་སྲས་དིང་ཁྲི་བཙན་པོ་འཁྲུངས། མུག་ཁྲི་བཙན་ཞེས་བྲིས་པའང་སྣང་།
|
མུ་ཁྲི་བཙན་པོ་ (2)
| Part of speech
|
མིང་ཚིག
|
| Definition
|
མཁས་པའི་དགའ་སྟོན་དུ་ཁྲི་སྲོང་ལྡེ་བཙན་གྱི་སྲས་ཆེ་བ་ཡིན་པར་བཤད་པ་དང་། དེབ་དམར་དུ་ཁྲི་སྲོང་ལྡེ་བཙན་གྱི་སྲས་གཉིས་པ་ཡིན་པ་དང་ཆུང་དུས་ནས་འདས་པར་བཤད། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སུ་མུ་ནེ་བཙན་པོ་དང་འདི་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པར་བཤད།
|
མུ་ཁྲི་བཙན་པོ་ (3)
| Part of speech
|
མིང་ཚིག
|
| Definition
|
འདི་ནི་བདུད་འཇོམས་རྒྱལ་རབས་ནང་བོད་རྒྱལ་སད་ན་ལེགས་མཇིང་ངམ་ཁྲི་ལྡེ་སྲོང་བཙན་གྱི་མཚན་གཞན་ཞིག་ཏུ་བགྲང་ཡོད།
|