56173
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདུལ་བ་གཞི་ལས་བྱུང་བ་སྟེ། ༡ ཟ་མ་ཏོག་ནི། ཟ་མ་ཏོག་དེའི་ནང་དུ་མི་རྣམས་ཀྱིས་འབྲུ་དག་བླུགས་ཏེ། མ་འོངས་པའི་སེམས་ཅན་རྣམས་ཀྱི་ཆེད་དུ་བཞག་ནས་བདག་ཅག་ཤི་ན། འབྲུ་འདིས་མི་དེ་དག་གི་བྱ་བ་བྱེད་པར་འགྱུར་རོ། །སྙམ་པ་སྟེ། འདི་ནི། ཟ་མ་ཏོག་དང་འབྲེལ་བས་ཟ་མ་ཏོག་ཅེས་བྱའོ། ། ༢ རུས་གོང་དཀར་པོ་ནི། དུས་དེ་ན་མི་རྣམས་ཀྱིས་རུས་པ་དག་བསྡུས་ནས་རེ་ཞིག་བཙོས་ཏེ། ཇི་ཙམ་ན། རུས་པ་དེ་དག་དཀར་པོར་གྱུར་པ་དང་། དེ་ནས་དེའི་ཁུ་བ་འཐུང་བ་སྟེ། འདི་ནི། རུས་གོང་དཀར་པོ་དང་འབྲེལ་བས་རུས་གོང་དཀར་པོ་ཞེས་བྱའོ། ། ༣ ཐུར་མས་འཚོ་བ་ནི། དུས་དེ་ན་མི་རྣམས་ཀྱིས་གཡུལ་གྱི་སེར་ག་ནས་འབྲུའི་འབྲུམ་བུ་དག་ཐུར་མས་བྲུས་ནས་ཆུ་མང་པོའི་སྣོད་དུ་བཙོས་ནས་འཐུང་བ་སྟེ། འདི་ནི། ཐུར་མ་དང་འབྲེལ་བས་ཐུར་མས་འཚོ་བ་ཞེས་བྱའོ། ། |
| Domain | ཆོས་ལུགས། |