56188

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མུ་ཏིག་བཙན་པོ་ (1)
Part of speech མིང་ཚིག
Definition ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྲས་ཆུང་བ་མུ་ཏིག་བཙད་པོའམ་སད་ན་ལེགས་མཇིང་ཡོན་དུ་གྲགས་པ་དེ་ཉིད་ཡིན་པ་བདུད་འཇོམས་རིན་པོ་ཆེའི་ཆོས་འབྱུང་ལྷ་དབང་གཡུལ་རྒྱལ་དུ་གསལ། བཀའ་ཐང་སོགས་ཀྱི་ནང་ཡོངས་གྲགས་ལ། སློབ་དཔོན་ཆེན་པོ་པད་མས་མཚན་གསོལ་བ་མུ་ཏིག་བཙན་པོ་དང་། ཡབ་རྗེ་རྒྱལ་པོས་མཚན་གསོལ་བ་ཁྲི་ལྡེ་སྲོང་བཙན། བློན་པོ་རྣམས་ཀྱིས་མཚན་གསོལ་བ་སད་ན་ལེགས་མཇིང་བཅས་གྲགས་སོ། །
མུ་ཏིག་བཙན་པོ་ (2)
Part of speech མིང་ཚིག
Definition དེབ་ཐེར་དམར་པོ་དང་། མཁས་པའི་དགའ་སྟོན་དུ་ཁྲི་སྲོང་ལྡེ་བཙན་ལ་སྲས་བཞི་ཡོད་པའི་ནང་གི་གསུམ་པ་ཡིན་པར་བཤད་ཅིང་། བློན་པོ་ཞང་གི་བུ་བསད་པས་བྱང་དུ་སྤྱུགས། ཕྱིས་སུ་མུ་ནེ་བཙན་པོ་འདས་རྗེས་བྱང་ནས་གདན་དྲངས་ཏེ་རྒྱལ་སར་འཇོག་རྩིས་བྱས་ཀྱང༌། བཙུན་མོ་ཞང་སྣ་ནམ་བཟས་ཆིབས་དཀྲོགས་ཏེ་རྟ་ལས་ལྷུང་ནས་འདས་ཞེས་བཤད་ཀྱང༌། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སུ་སྤྱུགས་པ་དེ་སྲས་འབྲིང་བ་མུ་རུག་བཙན་པོ་ཡིན་པ་ལས། མུ་ཏིག་བཙན་པོ་ནི་སད་ན་ལེགས་མཇིང་ཡོན་གྱི་མིང་ཡིན་པར་བཤད།