56217

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མུ་ནེ་དགོན་པ་དགའ་ལྡན་ལེགས་བཤད་གླིང་ (1)
Part of speech མིང་ཚིག
Definition འདིར་ཐོག་མར་བྱང་སེམས་ཤེས་རབ་བཟང་པོ་རྒྱུན་ཕེབས་གནང་སྟེ་དགོན་ས་བྱིན་གྱིས་བརླབས། ཕྱིས་མཆོད་གཞིས་དགེ་འདུན་རྣམས་ཀྱི་བཞུགས་གནས་ཆེད། ར་རུ་དང་མུ་ནེ་ཡུལ་མི་རྣམས་ཀྱིས་མུ་ནེ་ཡུལ་གྱི་ནུབ་རིའི་བྲག་སྟེང་དུ། དགོན་པ་འདི་ཉིད་གསར་བཞེངས་མཛད། བླ་མ་བྱང་སེམས་ཤེས་རབ་བཟང་པོས། བདེ་གསང་འཇིགས་གསུམ་གྱི་ཉམས་ལེན་རྒྱུད་སྟོད་ལུགས་བཞིན་གནང་བ་དང། གཞི་གསུམ་གྱི་ལག་ལེན་གསར་དུ་བཙུགས། ཕྱིས་སུ་མངའ་རིས་སྐུ་ཕྲེང་ན་རིམ་གྱིས་སྡེ་འདི་བསྐྱངས།

{{#arraymap:མུ་ནེ་དགོན་པ་དགའ་ལྡན་ལེགས་བཤད་གླིང་

|; |@@@ | | }}