5624

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁོར་ཡུག་རི་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཆོས་མངོན་པ་མཛོད་དུ་བཤད་པའི་ལུས་འཕགས་ཀྱི་གླིང་ལ་སོགས་པ་གླིང་ཐམས་ཅད་ཀྱི་མཐའ་ནས་ཀུན་ཏུ་བསྐོར་བའི་ལྕགས་ཀྱི་རི་སྟེ། རི་དེའི་ཕྱོགས་དེ་དང་དེ་དག་ན་གསེར་གྱི་འཁོར་ལོ་ཡོད་པ་བཞིན་རི་གཞན་ལ་མེད་པ་དང་འདིས་གླིང་བཞི་འཁོར་ལོའི་ཚུལ་དུ་བསྐོར་བས་ན་ཁོར་ཡུག་རིའོ། །གསེར་གྱི་ས་གཞི་ལ་གནས་པའི་ཆུའི་ནང་དུ་དཔག་ཚད་བརྒྱད་ཁྲི་ནུབ་ཅིང་། གྱེན་དུ་ཆུའི་སྟེང་དུ་དཔག་ཚད་སུམ་བརྒྱ་བཅུ་གསུམ་འཕགས་སོ། །དེའི་ཕྱིའི་མཐའ་སྐོར་དུ་དཔག་ཚད་ས་ཡ་ཕྲག་གསུམ་དང་དྲུག་འབུམ་ཉིས་སྟོང་དྲུག་བརྒྱ་ཉི་ཤུ་རྩ་ལྔ་ཡོད།
Domain ཆོས་ལུགས།

{{#arraymap:ཁོར་ཡུག་རི་

|; |@@@ | | }}