56254

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མུ་ར་དགོན་ (1)
Part of speech མིང་ཚིག
Definition མུ་ར་དགོན་ནི། མུ་ར་དགེ་རྒན་གོང་མས་བཏབ། མུ་ར་ནོར་བསྟན། མུ་ར་ཆོས་མཛད་སོགས་ཀྱིས་བསྟན་པ་ལ་ཕྱག་ལས་རྒྱ་ཆེར་གནང་། རབ་བྱུང་བཅུ་གསུམ་པའི་ཕྱི་ལོ་ ༡༧༨༩ ས་བྱ་ལོར་མུ་རུ་སྒོ་མདོའི་བཀའ་བརྒྱད་མཆོད་རྟེན་ཆེན་མོ་བཞེངས་པའི་མགོ་བཙུགས་སྔར་ཡོད་ནག་སྒར་རྒྱ་ཆེ་རུ་བཏང་སྟེ་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་གྲོལ་གྱི་སྒྲུབ་མཆོད་ཉིན་དགུ་ལ་ཚོགས་པའི་སྲོལ་བཙུགས། ཕྱི་ལོ་ ༡༨༡༨ ལ་གཞི་ཆེན་བཻ་རོ་མཁས་གྲུབ་གསང་སྔགས་བསྟན་འཛིན་བྱོན་ནས་སྒར་ལུང་མདོའི་བྱང་ཆུབ་མཆོད་རྟེན་བཞེངས་ཤིང་སིདྡྷིའི་བུམ་སྒྲུབ་བཙུགས། རབ་བྱུང་བཅོ་ལྔ་བའི་ཤིང་བྱི་ཕྱི་ལོ་ ༡༨༨༤ ལོར་དགེ་རྒན་དབེན་ས་སྙན་བརྒྱུད་ཀྱི་མངའ་བདག་སྐྱབས་མགོན་འདུག་དགེ་རིན་པོ་ཆེ་མཁྱེན་རབ་རྒྱ་མཚོའམ་ཨ་ཁུ་ཚང་ལ་མུར་འཇམ་བསྟན་གྱིས་གྲོགས་བྱས་ཤིང་རི་ཁྲོད་བཏབ། མུ་ར་ལ་ཆོས་རྒྱུན་ཁ་ཤས་ཡོད་པ་གཅིག་དུ་བསྡུས་ཏེ་མུ་ར་སྤྱིའི་དགོན་པར་བསྒྱུར། ཕྱི་ལོ་ ༡༩༤༩ ལོར་གཞི་སྤྲུལ་ཀུན་བཟང་ཉི་མས་བདུད་ཀློང་ཡོངས་རྫོགས་ཀྱི་དབང་ལུང་གནང་བ་དང་འདུ་ཁང་བཞེངས་གསར་གྱི་བཀའ་གནང་། སེར་སྐྱ་ཡོངས་ཀྱིས་འདུ་ཁང་ཀ་རིང་བཞི་ཅན་ཞིག་བཞེངས། ཕྱི་ལོ་ ༡༩༥༨ལོར་དགོན་པ་ལ་གཏོར་བཅོམ་ཆེན་པོ་ཐེབས། དེའི་རྗེས་ཕྱི་ལོ་ ༡༩༨༠ ལོར་ཆོས་སྒོ་ཕྱེས་པ་དང་བླ་གྲྭ་སུམ་ཅུ་ཙམ་གྱིས་སྔར་གྱིས་ཆོས་རྒྱུན་ཉམས་པ་སླར་གསོ་བྱས། ཕྱི་ལོ་ ༡༩༨༢ ལོར་ཁམས་གཙང་གཏེར་སྟོན་རིན་པོ་ཆེ་དང་། དཔལ་ཡུལ་མགར་ཀློང་སྤྲུལ་སྐུ་གཉིས་དང་ཁྲི་གུང་ཐང་རིན་པོ་ཆེའི་ཐུགས་བརྟགས་བཀའ་ལུང་ལྟར། བཀྲ་ཤིས་ཆོས་ལུང་དང་། སྒར་ལུང་གཉིས་ཀྱི་བར་མཚམས་སུ་སྤར། ལོ་གཅིག་གི་སྒྲུབ་པ་ནི། ཆོ་འཕེལ་ཟླ་བའི་ཚེས་བརྒྱད་ནས་ཉིན་གསུམ་ལ་མཁའ་འགྲོའི་སྒྲུབ་པ་ཚོགས་མཆོད་དང་། ས་ཟླའི་ཚེས་ ༡ ནས་ ༡༣ བར་ཚེས་བཅུ་ཆེན་མོ། ས་ཟླའི་བཅོ་ལྔའི་སྨྱུང་གནས། ཆུ་སྟོད་ཟླ་བའི་ཚེས་བཞི་ནས་ཕུར་བ་དང་རྟ་མགྲིན་ཁ་སྤྲོད་བདུན་སྒྲུབ། དབྱར་གནས་སོགས་མང་དུ་མཆིས། གུ་རུ་སྟོང་སྐུ་ལྷ་ཁང་། ཐུགས་ཆེན་ལྷ་ཁང་། སྒྲུབ་གྲྭའི་ལྷ་ཁང་། སྨན་པ་གྲྭ་ཚང་གི་ལྷ་ཁང་། འདུ་ཁང་ཆེན་མོ། དུང་འཁོར་ཆེ་བ་བཞི་བཅུ་ཞེ་ལྔ། འཁོར་ཆུང་སྟོང་རྩ་སོགས་མཆིས་སོ། དེ་རྣམས་ཀྱི་ནང་རྟེན་ནི་ཁམས་གཏེར་རིན་པོ་ཆེའི་གཏེར་བྱོན་གུ་རུ་ཟ་ཧོར་མ། ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས། གུ་རུའི་ཕྱག་མཚན་རྡོ་རྗེ་གཞི་ཆེན་དབོན་སྤྲུལ་རིན་པོ་ཆེའི་གནང་བའི་གསེར་སྐུ་རྙིང་པ་ལྔ་བཅུ་སོགས་བཞུགས།

{{#arraymap:མུ་ར་དགོན་

|; |@@@ | | }}