From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
མུ་སྟེགས་ཀྱི་གྲུབ་མཐའི་དབྱེ་ཚུལ་ལྔ་ (1)
| Part of speech
|
མིང་ཚིག
|
| Definition
|
ཡེ་ཤེས་སྙིང་པོ་ཀུན་བཏུས་ལས། ཡོན་ཏན་ཅན་པ། གྲགས་ཅན་པ། ཚངས་པ་དང་གསུམ་མོ། །
|
| Domain
|
ལོ་རྒྱུས།
|
མུ་སྟེགས་ཀྱི་གྲུབ་མཐའི་དབྱེ་ཚུལ་ལྔ་ (2)
| Part of speech
|
མིང་ཚིག
|
| Definition
|
རྟོག་གེ་འབར་བ་ལས། གྲངས་ཅན་པ། བྱེ་བྲག་པ། རིག་བྱེད་ཀྱི་མཐའ་གསང་བ་པ། སྤྱོད་པ་ཅན་བཞིའོ། །
|
མུ་སྟེགས་ཀྱི་གྲུབ་མཐའི་དབྱེ་ཚུལ་ལྔ་ (3)
| Part of speech
|
མིང་ཚིག
|
| Definition
|
དུས་འཁོར་ལས། ཚངས་པ་བ། དབང་ཕྱུག་པ། ཁྱབ་འཇུག་པ། རྒྱང་འཕེན་པ། གཅེར་བུ་བ། སྐབས་གཞན་དུ་གྲངས་ཅན་པ་དང་དྲུག་གོ །
|
མུ་སྟེགས་ཀྱི་གྲུབ་མཐའི་དབྱེ་ཚུལ་ལྔ་ (4)
| Part of speech
|
མིང་ཚིག
|
| Definition
|
ས་སྐྱ་པའི་གཞུང་ལུགས་ལེགས་བཤད་ལས། རྟག་སྨྲ་གྲངས་ཅན་པ། ཕུར་བུ་པ། བྱེ་བྲག་པ། རིག་པ་ཅན་པ། གཅེར་བུ་བ་སྟེ་ལྔ་དང་། ཆད་སྨྲ་ཚུ་རོལ་མཛེས་པ། སྤྱོད་པ་བ། རིག་བྱེད་ཀྱི་མཐའ་གསང་སྨྲ་བ། དབུ་མའི་ཚུལ་དུ་སྨྲ་བ་བཞི་དང་བཅས་དགུའོ། །
|
མུ་སྟེགས་ཀྱི་གྲུབ་མཐའི་དབྱེ་ཚུལ་ལྔ་ (5)
| Part of speech
|
མིང་ཚིག
|
| Definition
|
བཅོམ་རལ་བའི་གྲུབ་མཐའ་རྒྱན་གྱི་མེ་ཏོག་ལས། རྒྱང་འཕེན་པ་སོགས་བཅུ་གཉིས་འོག་ཏུ་འཆད་འགྱུར་ལྟར་བཤད་པས་མཚོན་གཞུང་ལུགས་རྣམས་སུ་རྣམ་གྲངས་དུ་མ་འབྱུང་ཡང་། རྟོག་གེ་པ་ཐམས་ཅད་ཀྱི་རྩ་བ་རྟག་སྨྲ་དང་། ཆད་སྨྲ་གཉིས་སུ་འདུ་ཞིང་། དེ་ཐམས་ཅད་ཀྱང་ཐུན་མོང་དུ་ཁྱབ་འཇུག་དང་དབང་ཕྱུག་དང་ཚངས་པ་ལྷར་འཛིན་པ་དང་། རིག་བྱེད་བཞི་ཆོས་སུ་འཛིན་པ་དང་། བདག་དང་རྟག་དངོས་སྨྲ་བ་དང་། འཚོ་བ་ཆོས་སུ་སྨྲ་བ་དང་། སངས་རྒྱས་པའི་ལུགས་ལ་སྡང་སྨྲས་བྱེད་པ་སོགས་སུ་ཕལ་ཆེར་མཐུན་ནོ། །
|