56290

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མུ་སྟེགས་ཅན་གྱི་ལོག་སྨྲ་དྲུག་བསལ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་རྣམ་པ་དྲུག་ (1)
Part of speech མིང་ཚིག
Definition འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ། ཤར་ཕྱོགས་ནི་སྦྱིན་པ་ལྟ་བུ་སྟེ། ཐོག་མ་ཁོ་ནར་བྱུང་བའི་ཕྱིར་རོ། །ལྷོ་ཕྱོགས་ནི་ཚུལ་ཁྲིམས་ལྟ་བུ་སྟེ། གཡས་ཕྱོགས་དང་འདྲ་བའི་ཕྱིར་རོ། །ནུབ་ཕྱོགས་ནི་བཟོད་པ་ལྟ་བུ་སྟེ། ཉེས་པ་ལ་བཟོད་པ་དེའི་འོག་ཏུ་བྱུང་བའི་ཕྱིར་རོ། །བྱང་ཕྱོགས་ནི་བརྩོན་འགྲུས་ལྟ་བུ་སྟེ། མིང་མཆོག་ཏུ་གྱུར་པའི་ཕྱིར་རོ། །འོག་མའི་ཕྱོགས་ནི་བསམ་གཏན་ལྟ་བུ་སྟེ། ངན་འགྲོ་ལ་སོ་སོར་རྟོག་པའི་ཕྱིར་རོ། །སྟེང་གི་ཕྱོགས་ནི་ཤེས་རབ་ལྟ་བུ་སྟེ། བླ་ན་མེད་པའི་སྐྱེ་བ་ཉིད་ཀྱི་ཕྱིར་རོ་ཞེས་གསུངས་པའོ། །
Domain ཆོས་ལུགས།

{{#arraymap:མུ་སྟེགས་ཅན་གྱི་ལོག་སྨྲ་དྲུག་བསལ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་རྣམ་པ་དྲུག་

|; |@@@ | | }}