56306
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕྱི་རོལ་པའི་རྟག་པར་སྨྲ་བའི་གྲུབ་མཐའ་ཞིག་དེ་ནི་དྲང་སྲོང་གཟེགས་ཅན་གྱི་རྗེས་སུ་འབྲང་བ་སྟེ། བདག་དུས་ཕྱོགས་ནམ་མཁའ་ཡིད་འབྱུང་བ་བཞི་བཅས་དགུ་པོ་ནི་རྫས། བློ་བདེ་སྡུག་འབད་པ་ཆོས་ཆོས་མིན་བྱ་བའི་ཤུགས་བཅས་བདག་གི་ཡོན་ཏན་དགུ། འདེགས་འཇོག་བརྐྱང་བསྐུམས་འགྲོ་བ་ལྔ་ནི་ལས། བྱེ་བྲག་ལ་ཁྱབ་པར་བྱེད་པ་ནི་སྤྱི། སྤྱིའི་དོན་རྣམས་གསལ་བར་བྱེད་པ་བྱེ་བྲག རྫས་རྣམས་དངོས་འབྲེལ་རྒྱུད་འབྲེལ་གཉིས་སུ་ཡོད་པ་འདུ་བ་སྟེ་ཤེས་བྱ་ཚིག་གི་དོན་དྲུག ཚད་མ་གསུམ་དང་སྒྲ་བྱུང་ཚད་མ་བཅས་བཞིས་འཇལ་བར་བྱེད་ལ་ཡོན་ཏན་དགུ་པོ་བདག་ལ་འདུ་བྱ་བར་ཡོད་པ་དེ་སྲིད་དུ་དགེ་མི་དགེ་ལས་སྒྲུབ་པར་བྱེད་པས་འཁོར་བར་འགྱུར་ལ། སྐྱེས་བུའི་ཚིག་གི་དོན་དྲུག་ཤེས་ནས་ཡོན་ཏན་དགུ་པོ་རྩ་བ་བཅས་བཅད་པས་བདག་གཅིག་པུར་གནས་པ་ན་ཐར་པ་ཐོབ་པར་འདོད། བྱེ་བྲག་པ་ནི་འུག་པ་ལྟར་འཁྲུལ་བ་དང་གཟེགས་མ་ཟ་བའི་དྲང་སྲོང་གི་རྗེས་སུ་འབྲངས་པས། འུག་པ་དང་གཟེགས་ཟན་པ་ཞེས་ཀྱང་བྱའོ། ། |