56311
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། གླེང་གཞི་ནི་སྦོམ་དགའ་མོས་རང་གི་ལུས་ཀྱི་དྲིལ་ཕྱི་མུ་སྟེགས་མོ་དྲིལ་ཕྱི་བྱེད་དུ་འཇུག་པ་ལས་སོ། །དགག་བྱ་ནི་བྱ་བ་དེ་དང་འབྲེལ་ནས་རྒྱགས་པ་འཕེལ་བའོ། །དགེ་སློང་མས་རང་གི་ལུས་ལ་འདག་རྫས་ཀྱིས་དྲིལ་ཞིང་ཕྱི་བའི་ལུས་ཀྱི་དྲིལ་ཕྱི་མུ་སྟེགས་མོ་བྱེད་དུ་འཇུག་ན་ལྟུང་བྱེད་དོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །དགེ་སློང་མས་རང་གི་ལུས་ལ་འདག་རྫས་ཀྱིས་དྲིལ་ཞིང་ཕྱི་བའི་དྲིལ་ཕྱི་མུ་སྟེགས་མོ་གཞན་བྱེད་དུ་འཛུད་པ་སྟེ། བྱི་དོར་བྱེད་པ་ལས་གྱུར་པའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |