5637
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འབྲུ་ཚ་བརྩོན་འགྲུས་བཟང་པོས་རབ་བྱུང་ལྔ་པའི་སྟོད་དུ་སྦ་ཡུལ་གནས་ཆེན་འདི་ཡི་གནས་སྒོ་ཕྱེས་ཏེ་དགོན་པ་བཏབ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་ཀློང་གསལ་སྙིང་པོ་གདན་ས་འདིར་བཞུགས་སྐབས་ཝ་ཤུལ་གཡོན་རུའི་དཔོན་མི་རྒན་ཐལ་ཇུ་ཟེར་བའི་བཙུན་མོ་སོག་བཟའ་མར་སྨྱོ་ནད་ཐེབས་ཏེ། བླ་སྤྲུལ་གང་གིས་ཀྱང་དྲགས་མ་ནུས་པ་དེ་ཉིད་ཀྱིས་ནད་གདོན་ཚར་བཅད་དེ། ཀུན་གྱི་དད་གནས་སུ་གྱུར་ཏེ་དཔོན་དང་མངའ་འབངས་སྡེ་རིས་ཕུལ་ཞིང་། ཁོལ་རི་དགོན་གྱི་བསྟན་བདག་བསྐོས། གཏེར་ཆེན་རིན་པོ་ཆེས་བསྟན་པའི་གནད་རྣམས་རྨང་ནས་གསོས། སྐུ་གསུང་ཐུགས་རྟེན་ངོ་མཚར་ཅན་དུ་མ་བཞེངས། ཁོང་གི་གཏེར་ཆོས་རྣམས་ཀྱི་དབང་ཁྲིད་གནང་། དེ་ནས་བདུད་འདུལ་རྡོ་རྗེའི་གདུང་རབས་ཀྱིས་བསྐྱངས། མཁའ་འགྲོ་འབུམ་རྫོང་ཆེན་མོའི་ནང་རྟེན་གཙོ་བོ་རིག་འཛིན་ཆེན་པོ་དགུང་ལོ་བརྒྱད་ཀྱི་ཚད་གསུང་འབྱོན་ང་འདྲ་མ་དང་། ཆོས་སྐུ་རྡོ་རྗེ་འཆང་། གནམ་ཆོས་མི་འགྱུར་རྡོ་རྗེ་དགུང་ལོ་གསུམ་པའི་སྐུ་ཚད། ས་སྐྱ་པཎྜི་ཏ་སོགས་བླ་རབས་ཀྱི་རྟེན་རྙིང་ཁྱད་འཕགས་ཁ་ཤས་དང་། གསུང་རྟེན་རྒྱལ་བའི་བཀའ་འགྱུར་སོགས་ཡོད། དཔལ་རྒྱལ་བ་ཀཿཐོག་པའི་ཕྱག་སྲོལ་ལྟར་ཁྱིམ་དུད་བརྒྱ་དང་བདུན་ཅུ་ལྷག་གི་ཡོན་སྦྱོར་ལ་བརྟེན་ཏེ་གྲྭ་པ་ཞལ་གྲངས་བརྒྱ་ལྷག་གིས་ལོ་ལྟར་བོད་ཟླ་བཞི་པའི་ཚེས་བཅོ་ལྔ་ལ་སྨྱུང་གནས་དང་། བོད་ཟླ་དྲུག་པའི་ཚེས་བཅུ་ལ་ཚེས་བཅུ་དང་། བོད་ཟླ་བརྒྱད་པའི་ཡར་ཚེས་ལ་མ་ཎི་བུམ་སྒྲུབ་སོགས་འཚོགས་བཞིན་ཡོད། ཡིན་ཡང་རིག་གསར་སྐབས་དགོན་པ་རྟེན་དང་བརྟེན་པར་བཅས་མིང་གི་ལྷག་མར་གྱུར། དེང་སྐབས་སུ་ཡང་འདུ་ཁང་དང་རིག་འཛིན་ལྷ་ཁང་ཨོ་རྒྱན་ལྷ་ཁང་བཅས་གསར་བཞེངས་གནང་། རྒྱུ་ཟངས་གསེར་ལས་གྲུབ་པའི་སློབ་དཔོན་རིན་པོ་ཆེའི་སྐུ་འདྲ་དང་། སྔོན་གྱི་ཐང་རྙིང་རིག་འཛིན་ཀློང་གསལ་སྙིང་པོའི་་ཤངས་ཁྲག་གིས་བྲིས་པའི་ཞལ་ཐང་། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་གཏེར་བུམ་བཅས་བཞུགས། ཆོས་བརྒྱུད་སྔ་འགྱུར་ཀཿཐོག་ཡིན། |