56385
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་མི་མཐུན་པ་སྐྱོན་གྱི་རྩ་བ་འཆད་སྐབས་སུ་བསྟན་པའི་མུན་པའི་ཡན་ལག་དྲུག་སྟེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། རྣམ་པར་ཤེས་པའི་རྒྱུད་གཅིག་ལ་དབང་པོ་དྲུག་གི་རྐྱེན་གྱིས་ཡན་ལག་དྲུག་ཏུ་གང་གྲགས་པ་ནི། མིག་གིས་མཐོང་བ་དང༌། རྣ་བས་ཐོས་པ་དང༌། སྣ་ཡིས་ཚོར་བ་དང༌། ལྕེ་ཡིས་མྱོང་བ་དང༌། ལུས་ཀྱིས་རེག་པ་དང༌། ཡིད་ཀྱིས་ཀུན་ཤེས་པ་དང་རྣམ་པར་ཤེས་པའི་ཚོགས་དྲུག་སྟེ། ཞེས་གསུངས་པ་ལྟར་རྣམ་ཤེས་ཚོགས་དྲུག་ལ་བཞེད། |
| Domain | ཆོས་ལུགས། |