56387

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མུན་པའི་རྩ་བ་གསུམ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་མི་མཐུན་པ་སྐྱོན་གྱི་རྩ་བ་འཆད་སྐབས་སུ་བསྟན་པའི་མུན་པའི་མདོ་བཞི་སྟེ། དངོས་པོའི་རྩ་བ་དང། བརྗོད་པའི་རྩ་བ་དང། ཐམས་ཅད་པའི་རྩ་བའོ། །དེ་ཡང་། གཟི་ལྡན་འཆར་ཁའི་འོད་སྣང་ལས། དེ་ལ་རྩ་བ་གསུམ་གང་ཞེ་ན། འདི་ལྟ༷་སྟེ། སྣང་བ་དངོས་པོའི་རྩ་བ་ལུས་དང༌། སྒྲ་གྲགས་བརྗོད་པའི་རྩ་བ་ངག་དང༌། ཆོས་ཐམས་ཅད་པའི་རྩ་བ་སེམས་སམ་ཡིད་དེ་རྣམ་གྲངས་གསུམ་དུ་ཉེ་བར་བསྟན་པའོ། །ཞེས་གསུངས།
Domain ཆོས་ལུགས།