56419
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མུར་ཐུག་པ་ནི། ཆད་པར་ལྟ་བའམ་མུ་སྟེགས་རྒྱང་འཕེན་པ་སྟེ། ཕྱོགས་བཅུའི་མུན་སེལ་ལས། ཆད་པ་བས་མའི་མངལ་དུ་བདག་གློ་བུར་དུ་བྱུང་ནས་གནས་ལ། ཤི་བའི་ཚེ་བདག་རྒྱུན་ཆད་པས་ན་སྔ་ཕྱིའི་མུར་ཐུག་སྟེ་ཚེ་སྔ་ཕྱི་དང་། ཐར་པ་དང་ཐམས་ཅད་མཁྱེན་པ་མེད་པར་འདོད་པས་མུར་ཐུག་པའམ་རྒྱང་འཕེན་པ་ཞེས་བྱའོ། །ཞེས་གསུངས། ཆད་པར་ལྟ་བའི་སྐབས་སུའང་གཟིགས། |