56435

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མུས་ཆེན་དཀོན་མཆོག་རྒྱལ་མཚན་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་ས་འབྲུག་ཕྱི་ལོ་ ༡༣༨༨ ལོར་མུས་སྟོད་གླིང་སྐྱར་འཁྲུངས། དགུང་ལོ་དགུ་པར་དབང་འོད་པ་ལས་རབ་ཏུ་བྱུང་། བཅོ་ལྔ་པར་མཁན་པོ་ཀུན་སྨོན་དང་བྱང་ཆུབ་སེང་གེ་གཉིས་ལས་ཕར་ཕྱིན་དང་སྤྱོད་འཇུག་སྦྱངས། བཅོ་བརྒྱད་པར་བཤད་སྟོན་མཛད། ཉི་ཤུ་པར་གཡག་ཕྲུག་སངས་རྒྱས་དཔལ་བ་ལས་ཕར་ཕྱི་ན་གྱི་དཀའ་གནད་རྣམས་ལ་དོགས་གཅོད་ཞུས། ས་སྐྱར་གྲྭ་སྐོར་དམ་བཅའ་མཛད། ཉེར་བརྒྱད་པར་མུ་གུ་ལུང་དུ་ཕེབས་ཏེ་སེམས་དཔའ་གཞོན་ནུ་རྒྱལ་མཆོག་ལས་འུ་ཡུག་པའི་ཚད་མ་རིགས་མཛོད། སོ་གཉིས་པར་ངམ་རིང་ཆོས་སྡེར་རོང་ཆེན་སྨྲ་བའི་སེང་གེ་ལས་ཕར་ཚད་ཀྱི་དོགས་གཅོད། སོ་བཞི་པར་དཔལ་འབྱོར་ཤེས་རབ་ལས་རེད་མདའ་བའི་དབུ་མའི་འགྲེལ་བ་བཅས་ཞུས། སོ་ལྔ་པར་གངས་ཆེན་ཀུན་དགའ་དཔལ་ལས་བསྙེན་པར་རྫོགས། སོ་བརྒྱད་པར་ས་སྐྱར་ཕེབས། ངོར་ཆེན་ཀུན་དགའ་བཟང་པོ་ལས་བདེ་དགྱེས་ཀྱི་ཟབ་ལམ་དང་། བརྟག་གཉིས་བཤད་པ། སྦྱོར་དྲུག གསུང་ངག་སོགས་གསན། ཞེ་གཉིས་པར་ངོར་དགོན་ཕྱག་བཏབ། རེ་དགུ་པར་ངོར་པའི་གདན་ས་བསྐྱངས། མདོ་སྔགས་ཀྱི་འཆད་ཉན་སྤེལ། དོན་གཉིས་པར་མུས་སུ་ཡ་མའི་དགོན་པ་གསར་འདེབས་མཛད། དོན་ལྔ་པར་ངོར་པའི་གདན་ས་ཤེར་རྒྱལ་ལ་གཏད་ནས་མུས་བསྟན་འཛིན་ཕུག་ཏུ་ཐུགས་དམ་བཞུགས། གྱ་གཉིས་པ་རབ་བྱུང་བརྒྱད་པའི་ས་གླང་ཕྱི་ལོ་ ༡༤༦༠ ལོར་མུས་བསྟན་འཛིན་ཕུག་ཏུ་སྐུ་གཤེགས། སློབ་མའི་ཚོགས་ལས་གསུང་ངག་བློ་བཤད་ཀྱི་བཀའ་བབ་ནི་བདག་ཆེན་རྡོ་རྗེ་འཆང་མ་ཏི་ཧྭ་ཙ་ཤྲཱི་བྷ་དྲ་ཡིན།

{{#arraymap:མུས་ཆེན་དཀོན་མཆོག་རྒྱལ་མཚན་

|; |@@@ | | }}