56474
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་བཞི་པའི་ནང་འཁྲུངས། པཎ་གྲུབ་མང་པོ་བསྟེན། ལེགས་སྦྱར་གྱི་སྐད་ཡིག་ཕུལ་ཕྱིན་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་དང་། འཁོར་ལོ་བདེ་མཆོག་གི་རྒྱུན་བཤགས་བསྡུས་པ། དཔལ་འཁོར་ལོ་སྡོམ་པའི་སྙིང་པོ་དེ་ཁོ་ན་ཉིད་གྲུབ་པ། དཔལ་ལྷན་ཅིག་སྐྱེས་པའི་མན་ངག་བདག་བྱིན་གྱིས་བརླབས་པ། དཔལ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་བདག་བྱིན་གྱིས་བརླབས་པ། བདེ་མཆོག་ལྷན་ཅིག་སྐྱེས་པའི་བདེ་བའི་མཆོག་བདག་བྱིན་གྱིས་བརླབས་པ་བཅས་བཞུགས། |