56494

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མེ་ཏོག་གླང་སྣ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དཀར་སེར་རྐང་གཅིག་ཐད་ཀར་གཏིང་རིང་པོར་ཟུག་པ། སྡོང་པོ་སྔོ་ལྗང་ཕྲ་ལ་ཐུང་བ་གཉིས་གསུམ་ཙམ་འཕྲེད་དུ་སྐྱེ་བ། ལོ་མ་ལྗང་ནག་སྙུང་ལེབ་འདྲ་བའི་མཐར་ཉག་ཞིབ་ཡོད་པ་ཁ་སྤྲོད་དུ་སྐྱེ་ཞིང་ལོ་སྡོང་ཡོངས་སུ་སྤུ་དཀར་འཇམ་པོ་ལྡན་པ། མེ་ཏོག་དམར་སྨུག་རྐང་རིང་ལ་ཕྲ་སྲབ་འདབ་མ་ཆེ་ལ་སྣ་རྒྱག་ཤིན་ཏུ་རིང་བ་གླང་ཆེན་གྱི་སྣ་དབྱིབས་འཁྱིལ་བ་འདྲ་བ་སྡོང་པོའི་རྩེར་རྐྱང་པར་འཆར་བ། སྨིན་ཚེ་འབྲས་བུ་ནག་པོའི་བྱིའུ་ཕྲུག་གི་མགོ་ལྟ་བུའི་ནང་འབྲུ་གུ་ཞིབ་མོ་མང་པོ་ཡོད་པ་སྟེ། བོད་ཀྱི་ཁ་བྱང་ལྟས་ཀྱི་རི་མཐོའི་སྤང་གཤོངས་སུ་སྐྱེ་བ་མང་བ། ལོ་སྡོང་མེ་ཏོག་བཅས་བོད་ཟླ་དྲུག་པའི་ནང་དུ་བཏུས་ཏེ། མ་རུལ་བར་བསིལ་སར་བསྐམས་ནས་མེ་ཏོག་སྨན་དུ་སྤྱད་རྒྱུ། རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་དྲོ་བས་ཆུ་བསགས་པ་དང༌། གཅིན་པ་འབབ་ཉུང་བ། དབུགས་ཧལ་བ། བཅུད་མི་ལྡང་བ། རྨ་དང་གཉན་ཚད་རྒྱས་པ། རུས་པར་ཆ་སེར་འཁོར་བ་སོགས་ལ་ཕན། གཞན་ཡང༌། མ་ནིང་ཕོ་མོ་གཉིས་ཀར་བཟང་ཞིང་རྫས་ཀྱི་མཆོག་ཡིན་པར་བཤད་དོ། །
Domain གསོ་རིག