56497
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བསྟན་པའི་མེ་རོ་སླར་སོ་རྗེས་ཆོས་རྗེ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ངག་དབང་བློ་གྲོས་མཚུངས་མེད་དཔལ་བཟང་པོ་མཆོག་དབང་སྟོད་དུ་ཆིབས་བསྒྱུར་གནང་སྐབས་གནས་དེར་ཞབས་ཀྱིས་བཅགས་ནས་ཐང་འདིར་ཆོས་སྒར་ཞིག་བཏབ་ན་ལེགས་ཞེས་ལུང་བསྟན། སྐལ་བ་ལྕགས་ཕོ་རྟ་ལོ་ནས་མེ་ཏོག་ཆོས་ཁྲི་ཐང་དུ་རྟེན་གསུམ་བཞེངས་རྒྱུའི་དབུ་བརྩམས། དེ་ནས་མ་ཎི་དར་ལྕོག་དང་རྡོ་འབུམ་འགའ་རེ་བརྩེག་ནས་དེ་བདག་ཏུ་བཟུང་། རྡོར་སེམས་ཕོ་བྲང་དང་སྨྱུང་གནས་འབུམ་ཚོགས་ལྷ་ཁང་། མཐོང་གྲོལ་བསྐལ་བཟང་ཕོ་བྲང་དང་ཆོས་འཁོར་སྐུ་གཟུགས་ཕྱི་ནང་རྟེན་གསུམ་བཞེངས། ཚོགས་སྒྲུབ་ཀྱི་རིམ་པ་ཚེས་བཅུ་ཉེར་ལྔ་རྣམས་སུ་ཚོགས་འཁོར་དང་དགུ་གནམ་ལ་ཆོས་སྐྱོང་གསོལ་མཆོད། ཁྱད་པར་དུ་དད་ལྡན་ཕོ་མོའི་ཆོས་སྐལ་སྨྱུང་གནས་འབུམ་ཚོགས་ཆེན་མོ་ལོ་རེར་རྒྱུན་མི་ཆད་པར་འཚོགས་རྒྱུ་ཡོད། དེ་ནི་ས་གནས་དེའི་དད་ལྡན་ཕོ་མོས་སྒྲིབ་སྦྱོང་གི་ཆོས་སྐལ་ཁྱད་པར་ཅན་ཏུ་བསྔགས་བཞིན་ཡོད། བསྙེན་སྒྲུབ་ཉམས་ལེན་ལ་མཆོག་སྤྲུལ་རིན་པོ་ཆེས་དབུ་བྱས་བླ་གྲྭ་འགའ་རྒྱུན་པར་ལོ་མཚམས་ནས་ཟླ་མཚམས་སུ་བཞུགས་ནས་འོད་གསལ་རྫོགས་པ་ཆེན་པོའི་དོན་ཉམས་སུ་བསྟར་བཞིན་ཡོད། |