56612

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མེ་མཁའ་རྒྱ་མཚོའི་དགོས་པ་ (1)
Part of speech མིང་ཚིག
Definition རབ་བྱུང་གི་ལོའི་བསྣན་གཞི་རུ་ལོ་ཡུན་ ༤༠༣ བགྲང་བ་དེའི་དགོས་པ་ནི་ཀླ་ཀློའི་བསྟན་པའི་གནས་ཚད་ལོ་འགོ་ཤེས་ཕྱིར་དུ་ཡང་ཡིན་ཏེ། དུས་འཁོར་བསྡུས་རྒྱུད་ལས། མེ་མཁའ་རྒྱ་མཚོ་རྣམས་ལ་རབ་བྱུང་ལ་སོགས་འདས་པ་རྣམས་བསྲེས་ཀླ་ཀློའི་ལོར་ནི་རབ་ཏུ་གྲུབ། །ཅེས་དང་། རིགས་ལྡན་སྙིང་ཐིག་ལས། རྒྱུད་ལས་མེ་མཁའ་རྒྱ་མཚོར་གསུངས། །དེ་ལྟར་མཛད་པའི་དགོས་པ་ཡང་། །ཀླ་ཀློའི་གནས་ཚད་སྟོང་བརྒྱད་བརྒྱར། །གསུངས་པའི་ལོ་མཚམས་ཤེས་ཕྱིར་དང་། ཁྱད་པར་རིགས་ལྡན་དེ་གཉིས་ཀྱི། །ལོ་གྲགས་བྱེ་བྲག་རྟོགས་ཕྱིར་ཡིན། །ཞེས་བྱུང་། །
Domain རྩིས་རིག