56647

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
མེ་ཡི་བ་དན་ (1)
Part of speech མིང་ཚིག
Definition བོན། ཕྱག་ཆ་ཞིག་ཡིན་ཏེ། གཟི་བརྗིད་པོད་གསུམ་པ་ལས། ཕྱག་མཚན་མེ་ཡི་བ་དན་བསྣམས། ཞེས་སོ། །དེ་ཡང་འབྱུང་མེ་གཡོ་བསྐྱོད་བྱེད་པའི་དར་ཆའམ། མེ་ཁམས་མདོག་གིས་མཚོན་པའི་དར་ཆ་ཞིག་ཡིན་པས་མེ་ཡི་བ་དན་ཞེས་བྱའོ། །དབྱིབས་ནི། གྲུ་བཞི་བཅད་ཅིང་སྣེ་མོར་དར་ལྕེ་འདོགས་པའང་ཡོད་དོ། །
Domain ཆོས་ལུགས།
མེ་ཡི་བ་དན་ (2)
Part of speech མིང་ཚིག
Definition ལྷ་ཡི་རྟེན་ཞིག་ཡིན་ཏེ། མེའི་ལྷའི་རྟེན་དུ་མེ་ཡི་དམར་པོ་བ་དན་བྱེད་དེ། སྦྱིན་བསྲེག་སྤྱི་རྒྱུག་གི་ལས་བཞིའི་ཆ་ལག་ཟུར་དུ་བཀོད་པ་ལས། དར་སྣ་ལྔ་ཡི་མེ་ཐོད་འདིས། དགྲ་འདྲེ་གདོན་གསུམ་བསྲེགས་པ་དང་། མེ་ལྷ་བཞི་བཅུ་རྟེན་བྱེད་ཕྱིར། ཧོམ་ཆེན་འདི་ཡི་ཐོད་དུ་དཀྲིས། ཞེས་སོ། །དེ་ཡང་དར་སྣ་ལྔ་ཞེས་པ་ནི། མེ་དར་དང། ཆུ་དར། ས་དར། རླུང་དར། ནམ་མཁའི་དར་དང་ལྔ་ཡིན། ཁམས་ཀྱི་མདོག་མཚུངས་ལྟར་བཟོ་ཡོད། དེ་དག་ནི་མེ་ལྷ་བཞི་བཅུ་རྟེན་ནམ་འབྱུང་ལྔའི་རྟེན་ཡིན་པར་གསུངས་པས་སོ། །